1492

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསུམ་ག
Tibetan Definition གསུམ་པོ་ཐམས་ཅད། འདི་ལ་གསུམ་ཁ་ཞེས་བྲིས་པ་སྣང་ཡང་། རྗེའི་ལམ་རིམ་ཆེ་ཆུང་དང་། དབུ་མ་དགོངས་པ་རབ་གསལ། རིམ་ལྔ་གསལ་སྒྲོན་སོགས་མདོ་སྔགས་ཀྱི་གཞུང་ཐམས་ཅད་དུ་གསུམ་ག་ཞེས་འབྱུང་ངོ་། །རྟགས་མཚུངས་འདྲེན་ཚུལ་གྱི་དབང་དུ་བྱས་ཀྱང་འདི་ཉིད་དག་པར་སེམས་ཏེ། རྟགས་འཇུག་རྩ་བ་ལས། མོ་ཡིས་མོ་ཡི་མིང་མཐའ་དྲང་། །ཞེས་གསུངས་པ་ལྟར། རྗེས་འཇུག་གི་མོ་ཡིག་“མ”འི་རྗེས་སུ། མིང་གཞིའི་མོ་ཡིག་“ག”འཇུག་པ་བརྡ་སྤྲོད་པའི་གཞུང་དང་མཐུན་པའི་ཕྱིར་རོ། །དེ་ཡང་རྗེས་འཇུག་བཅུའི་ནང་གི་མོ་ཡིག ང་མ་འ་གསུམ་གྱི་རྗེས་སུ། མིང་གཞིའི་མོ་ཡིག ག་ཇ་ད་བ་ཛ་ཝ་ཞ། ཟ་འ་ཡ་ཤ་ས། ང་ཉ་ན་མ། ར་ལ་ཧ་ཨ་རྣམས་ཅི་རིགས་པར་འཇུག ཞིབ་པར་རྟགས་མཚུངས་འདྲེན་ཚུལ་ཞེས་པའི་ཐད་དུ་གཟིགས།