1553

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསོང་ལྡོང
Tibetan Definition (འདུལ་བ) སྟོར་ཁུང་གི་ཝ་མཆུའི་མིང་དུ་འདུལ་བ་ལས་བཤད། ཅེས་ཚེ་ཏན་ཞབས་དྲུང་གསུང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་ཊཱིཀ་ལས། གསོང་ལྡོང་ནི་ཁུང་ལ་གཏོར་ཁུང་གི་ཝ་བཙུགས་པའམ། ཕུགས་རྡུགས་གཏོར་ཁུང་གི་ཝ་མ་བཙུགས་པར་ཁུང་ཉི་ཚེ་བསྐོས་པ་སྟེ་ཆབ་ཁུང་དེ་གཉིས་གང་རུང་བྱའོ། །ཞེས་གསུངས། དག་ཡིག་ཤེས་བྱ་རབ་གསལ་ལས། གསོང་ལྡོང་ཞེས་པ་ཁོང་སྟོང་སྟེ། །ཞེས་གསུངས་ཀྱང་གསུངས་སོ། །མདོ་རྩ་བ་ལས། གསོང་ལྡོང་ངམ་ཕུག་རྡུགས་སོ། །ཞེས་དང་། དེའི་ཐད་ཀྱི་རང་གི་རྣམ་བཤད་༼ ཟུ ༽༡༧༣བ༤ལས། གསོང་ལྡོང་ངམ་ཕུག་རྡུགས་སོ་ཞེས་བྱ་བ་ནི་མི་གཙང་བའི་ལས་ཤོད་དམ་ཁང་སྟེང་ཉིད་དུ་བྱའོ། །ཞེས་གསུངས། ལུང་རྣམ་འབྱེད་༼ ཉ ༽༢༢༣ན༢ལས། རུས་པའི་འཁྲུལ་འཁོར་སྤྱིལ་བུ་ལ། །ཆུ་བས་ཡོངས་སུ་དཀྲིས་གྱུར་ཅིང་། །མི་གཙང་རུས་པ་དྲི་ང་བ། །གཞན་ལ་སྟེན་ཅིང་བདག་གིར་བགྱིད། །བཙོག་པས་བལྟམས་པའི་རྐྱལ་པ་བདག །གསོང་ལྡོང་ཕོལ་མིག་ངན་སྐྱེན་ལྡན། །ཞེས་གསུངས་སོ། །