1575

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཱ་ཡ་མགོ་རི
Tibetan Definition 2 མདོ་ཞིག་གི་མིང་སྟེ། བཅོམ་ལྡན་སངས་རྒྱས་ནས་རིང་པོར་མ་ལོན་པའི་སྐབས་ཤིག་ན་རི་གཱ་ཡ་མགོ་རི་སྟེ་གཱ་ཡ་ན་གཱ་ཡ་ཤིརྵ་ཞེས་པའི་སྟེང་གི་མཆོད་རྟེན་གྱི་དྲུང་དུ་གསུངས་པའི་མདོ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཤིརྵ་ཞེས་པ་མགོའི་དོན་དུ་བཤད་པས། གཱ་ཡ་ཤིརྵ་སྟེ། གཱ་ཡ་མགོའི་རི་ཞེས་བསྒྱུར་ཏོ། །གཱ་ཡ་མགོ་རིའི་མདོ་ནི། རྒྱ་གར་སྐད་དུ། ཨཱརྱ་གཱ་ཡ་ཤིརྵ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གཱ་ཡ་མགོའི་རི་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཞེས་བྱ་བ་མདོ་སྡེ་༼ ཅ་པ ༽ཤོག་གྲངས་༢༨༥ན༡ན་བཞུགས་སོ། །རྗེའི་ལམ་རིམ་ཆེན་མོ། ཞོལ་དང་། སྐུ་འབུམ། བཀྲ་ཤིས་ལྷུན་པོ་བཅས་ཀྱི་སྤར་མ་གསུམ་གར་གཱ་ཡ་གོ་རི་ཞེས་འབྱུང་བ་ནི་ཡི་གེ་མ་དག་པར་སེམས་སོ། །འོན་ཀྱང་མདོ་དེ་ཉིད་ལས། ག་ཡཱ་ཞེས་འ་ཆུང་ཡ་ལ་བཏགས་པར་འབྱུང་བས་དཔྱད་པར་འོས་སོ། །འགའ་ཞིག་གིས་ལེགས་སྦྱར་ཤེས་མདོག་གིས་གཱ་ཡ་མགོ་རི། གཱ་ཡ་གཽ་རཱིར་བཅོས་པ་ནི་བཞད་གད་ཀྱི་གནས་སོ། །