1578

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གི་ཝང
Tibetan Definition བ་ལང་དང་འབྲི་གཡག་དང་གླང་པོ་ཆེ་སོགས་དུད་འགྲོའི་རིགས་ཀྱི་མཁྲིས་པར་ནད་བྱུང་ནས་མཁྲིས་ཁུ་རྡོག་པོར་ཆགས་པའི་སྨན་མཆོག་ཅིག མདོག་སེར་ལ་རོ་ཁ་ཞིང་དུག་ཅུང་ཟད་ཡོད་པ་ཞིག དེས་ཚ་ནད་སེལ་བ་དང་སྙིང་གི་ནུས་པ་བསྐྱེད་པར་བྱེད། སྨྱོ་འབོག་སོགས་ལ་ཕན། འདི་བཀྲ་ཤིས་རྫས་བརྒྱད་ཀྱི་ཡ་གྱལ་ཞིག་ཀྱང་ཡིན་ཏེ། བཅུད་ཀྱི་དམ་པ་གི་ཝཾ་དང་། ཞེས་གསལ་བ་ལྟར་རོ། །འདི་ལ་གི་ཧང་། གི་ཝཾ། གིའུ་ཝང་སོགས་འབྲི་ཚུལ་སྣ་ཚོགས་ཤིག་ཡོད། འདི་གྲུབ་པའི་རྫས་སུའང་འགྲོ་སྟེ། འདི་ལ་སྔགས་རྫས་ཀྱིས་བཏབ་སྟེ་རྫས་ཀྱི་ཐིག་ལེ་དཔྲལ་བར་བྱུགས་པས་ལུས་མི་སྣང་ཞིང་སུས་ཀྱང་མི་མཐོང་བར་འགྱུར་ནུས་པ་ཞིག་སྟེ། ཤེས་བྱ་མཛོད་འགྲེལ་གླེགས་བམ་སྨད་ཆ་༦༣༥ལས། རོ་ཙ་ན་ནི་གིའུ་ཝང་སྟེ་དེ་གྲུབ་ན་མི་སྣང་བ་སོགས་སུ་ནུས་པའོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་ལེགས་སྦྱར་དུ། རུ་ཙི་ར་དང་རོ་ཙ་ན་དང་གོ་རོ་ཙ་ན་སོགས་མིང་གི་རྣམ་གྲངས་མང་པོ་ཡོད་འདུག