From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| གོ་མི་དགེ་བསྙེན
|
| Tibetan Definition
|
(འདུལ་བ) ཇི་སྲིད་འཚོའི་བར་དུ་བསྙེན་གནས་ཀྱི་སྤང་བྱ་བརྒྱད་སྤོང་བར་ཁས་ལེན་པའི་རབ་བྱུང་གི་རྟགས་ཅན་ལ་ཟེར། མཚོ་ཊཱིཀ་ལས། གོ་མའི་དགེ་བསྙེན་ནི་ཐུབ་པའི་དགོངས་པའི་རྒྱན་ལས་གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་གོ་མིའི་སྡོམ་པ་ཡིན་ནོ་ཞེས་བྱ་བ་ནི་གདམས་ངག་གོ་ཞེས་བཤད་དོ། །ཞེས་གསུངས་སོ། །ངེས་ཚིག་ནི། གོ་མི་ཞེས་པ་བཙུན་པའི་མིང་སྟེ་བསྙེན་གནས་ཀྱི་སྡོམ་པ་ནི་ཁྱིམ་པའི་སྡོམ་པ་ཡིན་ཀྱང་། སྡོམ་པ་བརྟན་པའི་ཡན་ལག་ཏུ་བཙུན་པའི་ཆ་ལུགས་བྱས་པས་གོ་མི་ཞེས་བཏགས་ཏེ། བཙུན་པ་བཏགས་པ་བའོ། །མཚོ་ཊཱིཀ་ལྟར་རོ། །རྗེ་ཙོང་ཁ་པ་ཆེན་པོའི་འདུལ་བ་རྒྱ་མཚོའི་སྙིང་པོར། དགེ་བསྙེན་དྲུག་མ་གཏོགས་གོ་མིའི་དགེ་བསྙེན་མ་གསུངས་ལ། ཡང་ཡིག་ཆ་མང་པོར། གོ་མི་དགེ་བསྙེན་དགེ་བསྙེན་མཚན་ཉིད་པར་གསུངས་པའང་ཡོད་དོ། །
|