From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| གོ་འཕང
|
| Tibetan Definition
|
ཐོབ་བྱ། གནས། གནས་རིམ། ས། ཡོན་ཏན་གྱི་གནས། ཡུལ། དབྱིན་སྐད་ཀྱི་state ཟེར་བ་དེ་དང་ཧ་ལམ་མཚུངས། སངས་རྒྱས་ཀྱི་གནས་ལ་སངས་རྒྱས་ཀྱི་གོ་འཕང་དང་། སངས་རྒྱས་ཀྱི་ས་ལ་སངས་རྒྱས་ཀྱི་གོ་འཕང་ཟེར་བ་ལྟ་བུའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། གོ་འཕང་ཞེས་བྱ་བ་ནི་གནས་ཏེ། ཡོན་ཏན་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར། ཞེས་དང་། འཆི་མེད་གནས་ཡིན་ཏེ་ཞེས་བྱ་བ་འཆི་མེད་དེ་སྲོག་དང་བྲལ་བ་མེད་པ་གང་ཡིན་པ་དེ་ནི་འཆི་མེད་དེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེའི་གནས་ནི་གོ་འཕང་ཡིན། གང་གི་ཕྱིར་བག་ཡོད་པ་ལ་གནས་ན། མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་འགྱུར་བའི་ཕྱིར་རོ། །བག་མེད་པ་ཞེས་བྱ་བ་ནི་བག་ཡོད་པ་ལས་བཟློག་པའི་མཚན་ཉིད་ཅན་གྱི་ཆོས་ཡིན་ནོ། །འཆི་བའི་གནས་ཞེས་བྱ་བ་ནི་འཆི་བའི་གོ་འཕང་ཡིན་ཏེ། ཞེས་གསུངས་སོ། །སྤྱིར་གནས་ལ་གོ་དོན་མང་དུ་ཡོད་ཀྱང་། འདི་ནི་ཡུལ་གྱི་དོན་ནོ། །དེས་ན་ཡོན་ཏན་གྱི་ཡུལ་ཞེས་བྱ་བའི་དོན་ནོ། །གང་ལ་ཡོན་ཏན་ཡོད་པ་དེ་ལ་གོ་དགོས། སྐྱབས་སུ་འགྲོ་བའི་ཡུལ་ལ་སྐྱབས་གནས་ཞེས་པ་དང་མཚུངས། གོ་འཕང་ལ། ནོར་གྱི་གོ་འཕང་དང་། རིག་པའམ་ཤེས་ཡོན་གྱི་གོ་འཕང་སོགས་ཀྱང་ཡོད་དེ། ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས། ནོར་རམ་རིག་པར་ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། །གོ་འཕང་གཉིས་པོ་དེ་དག་གིས། །མཁས་པ་ཤིན་ཏུ་དུལ་བར་འགྱུར། །ཞེས་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། ཐོབ་ཐང་ངམ་གོ་སའི་དཔངས། ཞེས་གསུངས།
|