From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གྲགས་པ་རྒྱལ་མཚན
|
Tibetan Definition
|
(ལོ་རྒྱུས) རྗེ་བཙུན་གྲགས་པ་རྒྱལ་མཚན། ས་ཆེན་ཀུན་དགའ་སྙིང་པོའི་སྲས་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་བླ་མ་ཡིན། བླ་མ་འདིས་གཞན་གྱིས་དངོས་པོ་མཐའ་དག་རྟེན་བཞེངས། མཆོད་འབུལ། དབུལ་ཕོངས་ལ་སྦྱིན་གཏོང་སོགས་མཛད་པས། སྐུ་གཤེགས་དུས་བཞུགས་གདན་དང་། ན་བཟའ་ཆ་གཅིག་ལས་གཞན་གང་ཡང་མེད་པར་བཤད། འཁྲུངས་འདས་ལོ་ཚིགས། ༡༡༤༧-༡༢༡༦ འདུལ་འཛིན་གྲགས་པ་རྒྱལ་མཚན། འདི་རྗེའི་དངོས་སློབ་ཡིན་ཞིང་འདུལ་བའི་བསླབ་བྱ་ཆེན་མོ་མཛད་མཁན་གྱི་བླ་མ་དེ་ཡིན། རྗེ་ཙོང་ཁ་པ་ཆེན་པོས། འདུལ་འཛིན་འདི་འདྲ་བ་ད་ལྟ་རྒྱ་གར་ནའང་དཀོན་ཞེས་བསྔགས་པར་མཛད། ༡༣༧༤-༡༤༣༤ མི་དབང་གྲགས་པ་རྒྱལ་མཚན། སྐབས་དེ་དུས་ཀྱི་བོད་ཀྱི་རྒྱལ་པོ་དང་རྗེའི་སྦྱིན་བདག་ཡིན། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ནང་མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ཟེར་བ་ཞིག་ཀྱང་འདུག་པས་དེ་སུ་ཡིན་དཔྱད་དོ། །སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཞེས་བྱ་བ། ༧རྒྱལ་མཆོག་ལྔ་པ་ཆེན་པོ་དང་ཐུགས་ནང་མ་མཐུན་པའི་སྨོན་ལམ་ལོག་པའི་དབང་གིས་ཤི་ནས་འདྲེར་སྐྱེས་པ་དོ་རྒྱལ་ལམ་ཤུགས་ལྡན་བྱ་བ་དེའི་སྐྱེ་བ་སྔོན་མ་དེ་ཡིན། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ཞེས་བྱ་བ། ཨ་མདོ་བཀྲ་ཤིས་འཁྱིལ་གྱི་བླ་མ་མཁས་པ་ཞིག་ཡིན། འདིས་སྤྱོད་འཇུག་གི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་མཛད། འདི་གུང་ཐང་བསྟན་པའི་སྒྲོན་མེ་དང་དུས་ཐོག་གཅིག་པ་ཡིན། ཁོང་གིས་གུང་ཐང་ཚང་ལ་ཕུལ་བའི་ཆབ་ཤོག་ཀྱང་ཡོད་དོ། །
|