1707

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲང་དམྱལ་བརྒྱད
Tibetan Definition ༡ ཆུ་བུར་ཅན། (ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པའོ) ༢ ཆུ་བུ་རྡོལ་བ། (ཆུ་བུར་རྡོལ་བ་བཞིན་དུ་འཁུམས་པའོ) ༣ སོ་ཐམ་ཐམ་པ། (ཁ་དང་སོ་དག་ལས་སྒྲ་ཐམ་ཐམ་ཟེར་བ་འབྱུང་བའི་ཕྱིར) ༤ ཀྱི་ཧུད་ཟེར་བ། (ཀྱི་ཧུད་ཅེས་པའི་སྨྲེ་ངག་འདོན་པའོ) ༥ ཨ་ཆུ་ཟེར་བ། (ཨ་ཆུ་ཟེར་བཞིན་སྨྲེ་ངག་འདོན་པའོ) ༦ ཨུཏྤལ་ལྟར་གས་པ། (ཨུཏྤལ་གྱི་ཁ་དོག་ལྟར་ཤ་མདོག་སྔོན་པོར་གྱུར་ཅིང་ལྔ་དྲུག་ཙམ་དུ་གས་པའོ) ༧ པདྨ་ལྟར་གས་པ། (པདྨ་དམར་པོ་ལྟར་ཤ་མདོག་དམར་བར་གྱུར་ཅིང་བརྒྱའམ་དེ་ལས་མང་བར་གས་པའོ) ༨ པདྨ་ཆེན་པོ་ལྟར་གས་པ་དང་བརྒྱད་དོ། ། (ཤ་མདོག་ཤིན་ཏུ་དམར་བར་གྱུར་ཅིང་བརྒྱའམ་དེ་ལས་མང་བར་གས་པའོ)