From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གྲངས་ཅན་པའི་ཤེས་བྱ་ཉེར་ལྔ
|
Tibetan Definition
|
རང་བཞིན། ཆེན་པོ། ང་རྒྱལ། དབང་པོ་བཅུ་གཅིག དེ་ཙམ་ལྔ། འབྱུང་བ་ལྔ། སྐྱེས་བུ་དང་ཉེར་ལྔའོ། །རང་བཞིན་དང་། གནས་ལུགས། གཙོ་བོ། དོན་དམ་བདེན་པ་རྣམས་རྣམ་གྲངས་སོ། །ཆེན་པོ་ནི་བློའོ། །ང་རྒྱལ་ནི་གསུམ་སྟེ། རྣམ་པར་འགྱུར་བ་ཅན། སྙིང་སྟོབས་ཅན། མུན་པ་ཅན་ནོ། །དབང་བ་བཅུ་གཅིག་ལ། ལས་ཀྱི་དབང་པོ་ལྔ་ནི། ངག ལག་པ། རྐང་པ། རྐུབ། འདོམ་གྱི་དབང་པོའོ། །བློའི་དབང་པོ་ལྔ་ནི། མིག རྣ་བ། སྣ། ལྕེ། པགས་པའི་དབང་པོའོ། །གཉི་གའི་བདག་ཉིད་ཅན་ནི་ཡིད་ཀྱི་དབང་པོའོ། །དེ་ཙམ་ལྔ་ནི།་གཟུགས་སོགས་ལྔའོ། །འབྱུང་བ་ལྔ་ནི་ས་སོགས་ལྔའོ། །ལྕང་སྐྱའི་གྲུབ་མཐར་བཤད་པ་ལྟར་རོ། །
|