From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གྲུབ་མཐའ་བཞི
|
Tibetan Definition
|
ནང་པའི་གྲུབ་མཐའ་ལ་དབྱེ་ན། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་དང་བཞིའོ། །འོ་ན། གྲུབ་མཐའ་བཞི་པོ་འདི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནམ་མིན་ཞེ་ན། མཁས་གྲུབ་ཐམས་ཅད་མཁྱེན་པས་མ་གསུངས་པར་བཞེད་དེ། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༧༦བ༢ལས། དྲི་བ་དྲུག་པ་གྲུབ་མཐའ་བཞི་སངས་རྒྱས་ཀྱིས་གསུངས་སམ་མ་གསུངས་ཟེར་བ་ལ། སངས་རྒྱས་ཀྱི་བཀའ་ཐམས་ཅད་ནི་བདེན་པ་གཅིག་ལས་བརྩམས་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དབུ་མའི་ལམ་ཁོ་ནར་བསྟན་ཏེ་དགོངས་འགྲེལ་བྱེད་པ་པོའི་བསམ་པའི་དབང་གིས་གྲུབ་མཐའ་བཞིར་གྱེས་པ་སྟེ། དེ་ལྟ་མིན་ན་བཀའ་ནང་འགལ་གསུངས་པ་པོ་སྟོན་པ་ཀུན་མཁྱེན་དུ་མི་འགྱུར་བའི་སྐྱོན་ཡོད་དོ། །དེ་ནས་གྲུབ་མཐའ་སྨྲ་བ་རྣམས་ཀྱང་རང་རང་གི་ལུགས་རྟག་ཆད་སྤོང་ལུགས་དང་བཅས་ནས་དབུ་མའི་ལམ་དུ་རློམ་མོ། །ཞེས་གསུངས། འདི་ལ་ད་དུང་དོགས་གཅོད་དགོས་སོ། །
|