1755

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲུབ་རྟགས
Tibetan Definition ནང་དུ་གྲུབ་པའམ་རྟོགས་པའི་ཡོན་ཏན་མཐོན་པོར་སོན་པའི་ཕྱིའི་རྟགས་མཚན། གྲུབ་རྟགས་ཚད་ལྡན་ཞིག་ཡིན་ན། གཙོ་བོར་ནང་དུ་བདག་འཛིན་དུལ་བ་ལས་བྱུང་བ་ཞིག་དགོས་ཀྱི། དེ་ལྟར་མིན་ན། གྲུབ་རྟགས་ཀྱི་གཟུགས་བརྙན་ཙམ་ཡིན་ཏེ། མཁས་གྲུབ་ཆོས་རྗེའི་རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་གསུང་ཐོར་བུའི་༤༥ན༦ལས། བདག་འཛིན་ཉོན་མོངས་ཆ་ཙམ་མ་བྲི་ཡང་། །ལུས་ཀྱི་འབྱུང་བ་ཅུང་ཟད་སྙོམས་པ་དང་། །ཉམས་ལེན་མི་ཤེས་འཁྲུལ་བའི་བན་བུན་གྱིས། །བླུན་པོའི་མགོ་སྐོར་གྲུབ་རྟགས་གཟུགས་བརྙན་ཡིན། །ཞེས་གསུངས་སོ། །