From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གྲུམ་ཟེ
|
Tibetan Definition
|
གདན་གྱི་བྱེ་བྲག་ཅིག་སྟེ། གྲུམ་གདན་དང་དྲེའུ་རྔོག་ཡང་ཟེར། བོད་རྒྱ་ཚིག་མཛོད་ཆེན་མོར། གྲུབ་ཙེ་ཞེས་འབྱུང་བ་ནི་ནོར་རོ། ། (བོད་ཀྱི) གཞི་ལུས་ཀྱི་དཔྱོད་ལྡན་འགའ་རེས་འདི་རྒྱའི་སྐད་ཡིན་ཞེས་ཁ་ཚོན་བཅད་འདུག་ཀྱང་། དེ་ནི་ནོར་བ་ཡིན་ཏེ། སྲོག་ཆགས་གྲུམ་པའི་སྤུའམ་ཟེ་བའམ་པགས་པ་ལས་བཟོས་པའི་གདན་ལ་གྲུམ་གདན་ནམ། གྲུམ་ཟེ་ཞེས་ཟེར་རྒྱུར་གྲུམ་ཙེ་ཞེས་སྒྲ་ཉམས་པ་ཁོ་ནའོ། །མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུའི་«སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ»ཞེས་བྱ་བ་༣༢བ༦ལས། གྲུམ་ཟེའམ་དྲེ་འུ་རྔོག་ལ་ཡང་། །བྲུམ་ཚེ་ཞེས་ནི་ཟེར་བ་དང་། །ཞེས་གྲུམ་ཟེ་ཞེས་པ་ཐ་སྙད་ཚད་ལྡན་དུ་མཛད་པའི་ཕྱིར་རོ། །དྲེའུ་ནི་རྟ་དང་བོང་བུ་འདུས་པ་ལས་བྱུང་བའི་དུད་འགྲོའི་རིགས་ཤིག་སྟེ། ཡོངས་གྲགས་སུ་དྲེལ་ཞེས་བྱ་ལ། དེའི་རྔོག་མའམ་ཟེ་བ་འདྲ་བའི་ཆ་ནས་དྲེའུ་རྔོག་ཅེས་བཏགས།
|