1768

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲོག་སྦུར
Tibetan Definition གྲོག་མའི་མིང་། སྒྲ་བཤད་ནི། གྲོག་ནི་གྲོག་མ་དང་། སྦུར་ནི་སྦུར་མ་སྟེ་ཆུང་བའི་དོན་ཡིན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་༡༦༡ན༢ལས། ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར་སྦུར་མས་ཉེ་བར་མཚོན་དུ་རུང་བའི་སྲོག་ཆགས་ཕྲ་ལ་འཇོམ་པ་དག་ནི་གྲོག་སྦུར་ཡིན་ཏེ། ཞེས་གསུངས་སོ། །འདུལ་བ་ལུང་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། གྲོག་སྦུར་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་བྱེ་བྲག་ཤིན་ཏུ་ཕྲ་བའོ། །ཞེས་གསུངས། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་ངག་སྒྲོན་འགྲེལ་པར། གྲོག་སྦུར་གྱི་དོན་ལ། གྲོག་མ་དང་། སྦུར་བ་འབུ་ཞིག་ཅེས་གསུངས་པ་ལྟར་ན། གྲོག་མ་དང་སྦུར་བ་ཞེས་པ་སྲོག་ཆགས་ཐ་དད་པ་གཉིས་ལྟ་བུར་གསུངས་ཀྱང་དཔྱད་དོ། །