From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གྲོང་ཁྱེར
|
Tibetan Definition
|
<ན་ག་ར> མི་ཚོགས་ཆེ་ལ་ཚོང་ཁང་སོགས་མང་པོ་ཡོད་པའི་གནས། ལེགས་སྦྱར་དུ་नगरं ན་ག་རཾ་དང་། ཕྱི་རྒྱལ་བས་City ཟེར། གྲོང་ཁྱེར་ནི་བཟོ་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནས་ཀྱི་མིང་ཡིན་པར། མཚོ་ཊཱིཀ་ལས་གསུངས། ཡང་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། གྲོང་ཁྱེར་ཞེས་བྱ་བ་ནི་བམ་པོ་འབྱེད་པར་བྱེད་པའི་གནས་ཆེན་པོ་ཟོང་བཀྲམ་པ་དང་བཅེར་བ་དང་ལྡན་པའོ། །སྒྲ་བཤད་ནི། གྲོང་ཁྱེར་ཞེས་པའི་ཁྱེར་ནི་བཅེར་བ་དང་དོན་གཅིག་སྟེ་སྤུངས་པའི་དོན་ཡིན། དེས་ན་ཚོང་ཟོག་བཀྲམ་པ་དང་སྤུངས་ཏེ་ཉོ་ཚོང་བྱེད་པའི་གནས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །སྙམ་མོ། །
|