1795

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གྲོལ་བྱེད་ལམ་གྱི་དབང
Tibetan Definition (གསང་སྔགས) དབང་གསུམ་གྱི་ཡ་གྱལ་ཏེ། བསྐྱེད་རྫོགས་ཀྱི་ལམ་ལ་ཟེར། རྒྱལ་མཆོག་བདུན་པའི་དབང་དོན་དེ་ཉིད་ཡང་གསལ་༢༥བ༥ལས། གསང་བ་འདུས་པ་སོགས་ཀྱི་སྐབས་སུ་རྫོགས་རིམ་རིམ་པ་ལྔ་སོགས་ལ་འདོད་དགོས་ཤིང་། དེའི་རྒྱུ་མཚན་ཡང་རྫོགས་རིམ་དེ་དག་གིས་རང་རང་གི་ངོ་སྐལ་གྱི་སྤང་བྱ་སྦྱོང་ཞིང་། དེ་དང་དེའི་ལག་རྗེས་འགྲུབ་པ་ལ་དབང་བར་བྱེད་པ་སོགས་ཀྱི་སྒོ་ནས་འཇོག་དགོས་ལ། བསྐྱེད་རིམ་ནི་སྤྱིར་སྨིན་གྲོལ་གྱི་ལམ་གཉིས་སུ་ཕྱེ་བའི་སྨིན་བྱེད་ཀྱི་ལམ་ཡིན་མོད་ཀྱི། དབང་གསུམ་དུ་ཕྱེ་བའི་གྲོལ་བྱེད་ཀྱི་དབང་ལ་འཇོག་དགོས་སམ་དཔྱད་པར་བྱའོ། །ཞེས་གསུངས།