From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གླགས་པ
|
Tibetan Definition
|
1 ལྷག་པ། བསྣན་པ། ཕུལ་བྱུང་། ཁྱད་འཕགས་བཅས་ཀྱི་དོན། གླགས། གླགས་པ་དང་། ཀླགས་པ། ལྷག་པ། བསྣན་པ། ཁྱད་འཕགས། ཕུལ་བྱུང་རྣམས་འདིར་མིང་གི་རྣམ་གྲངས་སོ། །མཛོད་རྩ་བ་ལས། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་དང་། མཛོད་རང་འགྲེལ་ལས། སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་སོགས་བདུན་ཅུས་གླགས་པའི་སྟོབས་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས། གདོན་མི་ཟ་བར་འབྱུང་སྟེ། ས་མང་པོ་པ་བཅུ་དང༌། དགེ་བའི་ས་མང་པོ་པ་བཅུ་དང༌། རྟོག་པ་དང་དཔྱོད་པའོ། །ལ་ལ་དག་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པས་གང་ལ་ཡོད་པ་དེར་དེ་ཉིད་ཀྱིས་གླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །ཞེས་གསུངས་པས་སོ། །
|