1823

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླང་དར་གྱིས་བསྟན་པ་བསྣུབས་རྗེས་ཁྱིམ་པས་བསྟན་པ་བསྲུངས་པ
Tibetan Definition གླང་དར་གྱིས་བསྟན་པ་བསྣུབས་ནས་མི་ལོ་བདུན་ཅུ་རྩ་གསུམ་གྱི་རིང་ཁྱིམ་པས་སངས་རྒྱས་ཀྱི་བསྟན་པ་ལེགས་པར་བསྲུངས་སོ། །དེ་ཡང་དེབ་སྔོན་སྟོད་ཆ་༨༥ལས། བུ་སྟོན་རིན་པོ་ཆེས་རྒན་མོ་ཞིག་གི་ངག་གི་རྗེས་སུ་འབྲངས་ནས་ལྕགས་མོ་བྱ་ (ཕྱི་ལོ་༨༤༡) ལ་བསྟན་པ་བསྣུབས་ནས་བདུན་ཅུ་རྩ་གསུམ་པ་ཆུ་མོ་བྱ་ (ཕྱི་ལོ་༩༡༣) ལ་བསྟན་པ་བྱུང་བ་ཡིན་ཞེས་གསུང་ལ། ཞེས་གསུངས་པ་ལྟར། མི་ལོ་བདུན་ཅུ་རྩ་ (༧༣) གསུམ་གྱི་རིང་ཁྱིམ་པས་སངས་རྒྱས་ཀྱི་བསྟན་པ་གསུངས་སོ། །དེའི་རིང་བསྟན་པ་ཚུལ་བཞིན་སྲུང་བའི་རབ་བྱུང་གི་སྡེ་མེད་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྦྱོར་སྒྲོལ་དུ་གྲགས་པ་ལ་སོགས་པའི་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མའི་བསླད་པ་ཡང་ཆེས་ཆེན་པོ་ཞུགས་པས། སྔགས་པའམ་ཁྱིམ་པས་རབ་བྱུང་གི་ཚབ་ནམ་ཡང་བྱེད་མི་བཏུབ་བོ། །