1824

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གླང་པོ་ཆེའི་ལྟ་སྟངས
Tibetan Definition སྐྱེས་བུ་དམ་པ་རྣམས་ཀྱི་ལྟ་སྟངས་སམ། ཞི་དུལ་གྱི་ལྟ་ཚུལ་ཞིག དེ་ཡང་སྟེང་ན་འདུག་པ་ལ་བཀྱེད་དེ་མི་ལྟ། འོག་ན་འདུག་པ་ལ་བཏུད་དེ་མི་ལྟ། གཡས་གཡོན་ན་འདུག་པ་ལ་ནི་མིག་བཟུར་ཏེ་མི་ལྟ། རྒྱབ་ན་འདུག་པ་ལ་ནི་མཇིང་པ་བསྒྱུར་ཏེ་མི་ལྟ། ཐག་རིང་པོ་ན་འདུག་པ་ལ་བསྒྲིམས་ཏེ་མི་ལྟ། ཐག་ཉེ་བ་ན་འདུག་པ་ལ་བསྒྲིམས་པ་མེད་པར་མི་ལྟའི། ཇི་ལྟར་འདུག་པའི་སྤྱོད་ལམ་དང་། ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་དང་། ཆོས་ཐམས་ཅད་ལ་ལྟ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་འཆད་དོ། །ཞེས་ཡུམ་གྱི་རྒྱ་ཆེར་བཤད་པ་ལས་བཤད་དོ། །