From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ངུར་སྨྲིག
|
Tibetan Definition
|
2 ཚོས་སྙིགས་མས་བཙོས་པ། དག་ཡིག་ལི་ཤིའི་གུར་ཁང་ལས། ངུར་སྨྲིག་ནི་གོས་དམར་སེར་ལ་གྲགས་ཀྱང་ཚོས་སྙིགས་མས་བཙོས་པའི་དོན་ཡིན། ཞེས་གསུངས་སོ། །སྒྲ་བཤད་ནི། བྱ་ངུར་པའི་མདོག་འདྲ་བས་ན་ངུར། སྨྲིག་ནི་སྙིགས་མ་སྟེ་ཚོས་སྙིགས་མས་བཙོས་པས་ན་སྨྲིག་ཅེས་བྱའོ། །དགེ་སློང་མའི་སོ་ཐར་གྱི་མདོའི་འགྲེལ་པ་ལས་ཀྱང་། ངུར་སྨྲིག་ཅེས་བྱ་བ་ནི། སྟར་ཁ་དང་ཤིང་ཤུན་ལ་སོགས་པ་ལས་བཙོས་པ་སྟེ། ཁ་དོག་ནོག་བག་ཆགས་པའོ། །ཞེས་གསུངས་པ་ལྟར་རོ། །
|