1947

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:39, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངེས་པར
Tibetan Definition 2 རྩེ་གཅིག་གིས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པའི་ཐད་ཀྱི་རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས། བྱང་ཆུབ་ཏུ་ནི་སྟེ་དོན་གཉིས་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་ཆེད་དུ་སྦྱིན་སོགས་ཀྱི་ཚོགས་མ་ལུས་པ་སྡུད་པའི་བྱང་ཆུབ་ཀྱི་ཐུགས་ངེས་པར་ཏེ་རྩེ་གཅིག་གིས་བསྐྱེད་པར་མཛད་པ་དང་། ཞེས་གསུངས་པ་ལྟར་རོ། །