1958

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:39, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངེས་ཚིག
Tibetan Definition སྒྲ་བཤད། སྒྲ་དོན། ཚིག་དོན། མིང་དོན། མིང་གི་རྒྱུ་མཚན་བརྗོད་པའི་ཚིག་རྣམས་མིང་གི་རྣམ་གྲངས་ཡིན། རྣམ་བཤད་རིགས་པ་༼བསྟན་འགྱུར་ཤི་པ་༣༨བ༥༽ལས། ངེས་པའི་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པའོ། །ཞེས་གསུངས་པ་ལྟར་རོ། །བུ་སྟོན་ཆོས་འབྱུང་ལས་ཀྱང་ཚིག་དེ་ཇི་ལྟ་བ་བཞིན་འབྱུང་ངོ་། །འོན་ཀྱང་སཾ་སྐྲྀ་ཏའི་ཚིག་གི་འབྲུ་འགྲེལ་བྱེད་པ་ན་ངེས་ཚིག་ཟེར་གྱི་སྒྲ་བཤད་ཅེས་ཟེར་སྲོལ་མེད་དོ། །ཁ་ཅིག་ངེས་ཚིག་སྒྲའི་བཤད་པ་མིན་པར་འདོད་པ་མི་འཐད་དེ། ཨ་པྲ་ཤི་ཁ་ལ་སོགས་པ་སྒྲའི་བཤད་པར་གནས་བརྒྱད་དུ་བཤད་པས་སོ། །ཞེས་གསུངས་སོ། །