1963

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:39, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངེས་འབྱེད་ཆ་མཐུན
Tibetan Definition སྦྱོར་ལམ། སྒྲ་བཤད་ནི། མཆིམས་མཛོད་ལས། ངེས་འབྱེད་ནི་མཐོང་ལམ་ཡིན་ཞིང་། དེའི་ཆ་ནི་དེའི་ཕྱོགས་གཅིག་སྡུག་བསྔལ་ཆོས་བཟོད་ཡིན་ལ། དེ་ཉིད་སྦྱོར་ལམ་དྲོད་སོགས་བཞིས་དངོས་དང་བརྒྱུད་ནས་འདྲེན་པར་བྱེད་པ་ཉིད་ཀྱིས་དེ་ལ་ཕན་འདོགས་པའི་ཕྱིར་མཐུན་པ་ཞེས་བྱའོ། །མཐོང་ལམ་ལ་ངེས་འབྱེད་ཅེས་པ་ནི། བདེན་པ་བཞི་པོ་རྣམས་ངེས་ཤིང་། སོ་སོར་རྣམ་པར་འབྱེད་པའི་ཕྱིར་ངེས་འབྱེད་དོ། །ཞེས་གསུངས། སེ་ར་རྗེ་བཙུན་པས། མཐོང་ལམ་གྱིས་སྤང་བྱ་མཐོང་སྤང་ལས་ངེས་པར་འབྱེད་པས་ན་ངེས་འབྱེད་ཅེས་བྱ་ལ། སྦྱོར་ལམ་ནི་དེ་ཐོབ་པ་དང་རྗེས་སུ་མཐུན་པའམ་འདྲ་བ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གསུངས།