2249

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:40, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆེད་དུ་བརྗོད་པའི་ཚོམས
Tibetan Definition <ཨུ་དཱ་ན་བརྒ> ཚོམས་དང་དོན་གཅིག ཆེད་དུ་བརྗོད་པ་ནི་གཏམ་གྱི་མིང་གི་རྣམ་གྲངས་ཡིན་པས། སྒྲ་བཤད་ནི། གཏམ་དུ་བརྗོད་པའི་སྡེ་ཚན་ཞེས་བྱ་བའི་དོན་ཏོ། །ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་སྡེ་དགེ་བསྟན་འགྱུར་༼ ཏུ་པ ༽༥༢ན༧ལས། ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་གཏམ་གྱི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ། ཆེད་དུ་བརྗོད་པ་ཡང་ཞེས་བྱ་བ་ནི་གཏམ་དེས་ཀྱང་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །ཚོམས་ཞེས་པའི་ཐད་དུ་གཟིགས།