From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོས་གོས་རྣམ་གསུམ
|
Tibetan Definition
|
(འདུལ་བ) 1 དགེ་སློང་གི་བླ་གོས་ (ཆོས་གོས) ། མཐང་གོས་ (ཤམ་ཐབས། མཐང་ཞེས་པ་སྨད་དང་ནང་གཉིས་ཀ་ལ་འཇུག) ། སྣམ་སྦྱར་དང་གསུམ་མོ། །འདུལ་གཞུང་རྣམས་སུ་བླ་གོས། མཐང་གོས། ཆོས་གོས་ཞེས་འབྱུང་བའི་བླ་གོས་ནི་ཡོངས་གྲགས་ཀྱི་ཆོས་གོས་ལ་གོ་དགོས། མཐང་གོས་ནི་ཤམ་ཐབས། འདིའི་ཆོས་གོས་ནི་སྣམ་སྦྱར་ལ་ཟེར། 2 རབ་བྱུང་སྡེ་ལྔའི་ཐུན་མོང་གི་ལོངས་སྤྱད་བྱའི་བླ་གོས། མཐང་གོས། གདིང་བ་དང་གསུམ་ལའང་ཆོས་གོས་རྣམ་གསུམ་གྱི་ཐ་སྙད་བྱེད་དེ། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ (༦༨༤) ལས། དགེ་སློང་གི་སྣམ་སྦྱར་དང་བཅས་པའི་ཆོས་གོས་གསུམ་མམ་རབ་བྱུང་སྡེ་ལྔ་ཐུན་མོང་གི་བླ་གོས་མཐང་གོས་གདིང་བ་སྡེ་ཆོས་གསུམ་ནི་ཕྱིའི་རྟགས་ཀྱི་སྒོ་ནས་རབ་བྱུང་ཡིན་མིན་གྱི་འབྱེད་ཆོས་ཡིན་པས། ཞེས་གསུངས་པ་ལྟར་རོ། །
|