2438

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇི་ལྟར་ནད་པ་ནད་པ་ལ་ཞེས་སོགས
Tibetan Definition ལངྐར་གཤེགས་པའི་མདོ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པ་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་ནད་པ་ནད་པ་ཞེས་སྔ་ཕྱི་གཉིས་འབྱུང་བ་ནི། ཡིག་ནོར་མ་ཡིན་གྱི། ནད་པ་ཐ་དད་པའམ་ནད་པ་སོ་སོ་ལ་སྨན་པས་སྨན་སྟེར་བ་ནི། སྨན་པའི་རང་དབང་གིས་མ་ཡིན་པར་ནད་པའི་ནད་ཀྱི་ཚུལ་དང་བསྟུན་དགོས་པ་བཞིན་དུ། ཞེས་པའི་དོན་ནོ། །རྗེའི་ལེགས་བཤད་སྙིང་པོ་ལས་ཀྱང་གོང་གི་ལུང་དེ་ཁོ་ན་ལྟར་འབྱུང་ཞིང་། དེའི་མཇུག་ཏུ། ནད་པ་སོ་སོ་ལ་སྨན་སྟེར་བ་ནི་སྨན་པའི་རང་དབང་གིས་མ་ཡིན་གྱི་ནད་པའི་ནད་ཀྱི་ཚུལ་དང་བསྟན་དགོས་པ་བཞིན་དུ། ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཞན་ཡང་། ལངྐར་གཤེགས་པའི་མདོ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་རིན་པོ་ཆེའི་སྒྲོན་མརདྲངས་པ་ལས། ཇི་ལྟར་ནད་པ་སོ་སོ་ལ། །སྨན་པ་སྨན་དག་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་གསུངས་སོ། །ཞེས་སོ། །དཔེ་ཁ་ཅིག་ཏུ། ཇི་ལྟར་ནད་པ་ན་བ་ལ། །ཞེས་འབྱུང་བ་ནི་གོ་བདེ་བ་ལྟར་སྣང་ཡང་ཡི་གེ་མ་དག་པར་ངེས་སོ། །