2462

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་བོ
Tibetan Definition <སྭཱ་མཱི> 1 གཙོ་བོའམ་མཆོག ཐམས་ཅད་ཀྱི་ནང་ནས་གལ་ཆེ་ཤོས་ཞེས་པའི་ཆེ་བསྟོད་ཀྱི་ཚིག་ཅིག ལེགས་སྦྱར་ཀྱི་སྐད་དུ་स्वामी སྭཱ་མཱི་ཞེས་པའོ། །ཇོ་བོ་ཤཱཀྱ་མུ་ནི་ཞེས་པ་ལྟ་བུ། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༤༢ལས། སྤྱིར་སྐྱབས་གནས་ཀྱི་ཇོ་བོ་ཐུབ་པ་ལ་རང་ལ་འཇིགས་པ་མེད་པ། གཞན་སྐྱོབ་པའི་ནུས་པ་ཡོད་པ། ཕན་སེམས་ཆེ་བ། རང་འདོད་མེད་པ་བཞི་ཚང་དགོས་ཏེ། དེ་སངས་རྒྱས་མིན་པ་ལ་མེད། ཅེས་གསུངས་པ་ལྟར་རོ། །2 རྗེ་བོ། རྒྱལ་པོ། འདི་ལ་ཁོ་བོ་ཅག་ཇོ་བོ་བྱའོ་ཞེས་མིང་ཡང་གཉའ་ཁྲི་བཙན་པོར་བཏགས། ཞེས་པ་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལྟར་རོ། །པཎ་ཆེན་ཤཱཀ་མཆོག་པའི་བརྡའི་བྱེ་བྲག་རྟོགས་བྱེད་ལས་ཀྱང་། ཇོ་བོ་ཞེས་བྱ་རྗེ་བོའི་མིང་། །ཞེས་བཤད་དོ། །3 རྒན་པའི་ཞེ་ས། རང་ལས་རྒན་པའི་སྐྱེས་པའི་ཞེ་ས། བུ་སྤུན་རྒན་པ་ལ་ཨ་ཇོ་དང་ཇོ་ཇོ་ཞེས་པའང་དེ་ལས་དྲས་པར་སེམས་སོ། །4 སྦྱིན་བདག་ལའང་འཇུག་པར་མཚོ་ཊཱིཀ་སྟོད་ཆ་ན་གསལ། 5 ལྷ་སའི་ཇོ་བོ་སྟེ། སྟོན་པ་ཐུབ་པའི་དབང་པོ་ལོངས་སྐུའི་ཆ་བྱད་དུ་བྱས་པའི་སྐུ་བརྙན། 6 ཡང་ཇོ་བོ་ཞེས་པ་བདག་པོ་སྟེ། ཁྱོའི་མིང་ལའང་འཇུག སྙན་ངག་གི་གཞུང་འགྲེལ་རྣམས་སུ་གསལ། 7 རྗེའུ་རིགས་ཀྱི་རྗེ་བོའི་དོན་ལའང་འཇུག་པར་བཤད། 8 འདང་དང་གཙིགས་ཆེན་པོ་བྱེད་སའི་ཡུལ། དཔེར་ན་ཇོ་བོ་སེམས་ཅན་ཞེས་པ་ལྟ་བུ།