2469

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་བོའི་འདྲ་སྐུ་དབུ་ཡོན་མ
Tibetan Definition ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྲས་ཀྱི་ཐུ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བཞེངས་པའི་ཇོ་བོའི་སྐུ་ཐང་བྱིན་རླབས་ཅན་ཞིག རྗེ་ཙོང་ཁ་པ་ཆེན་པོས་སྐུ་ཐང་དེ་དབུ་སྔས་སུ་གདན་དྲངས་ཏེ། ལམ་རིམ་བརྒྱུད་པའི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལྗགས་རྩོམ་གནང་ནས་གདུང་ཤུགས་དྲག་པོས་ཡུན་རིང་དུ་གསོལ་བ་བཏབ་པས། ཐུབ་པའི་དབང་པོ་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་བར་གྱི་བླ་མ་བརྒྱུད་པ་རྣམས་དང་། ཁྱད་པར་ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ་རྣམས་ཟླ་བའི་བར་དུ་ཞལ་གཟིགས་པའི་ལོ་རྒྱུས་ངོ་མཚར་བ་ཡོད་དོ། །