2495

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉ་ལྟར་བརྡུང་བ
Tibetan Definition (འདུལ་བ) གཎྜི་བརྡུང་ཚུལ་ཞིག་སྟེ། ཟླ་བའི་འཕེལ་འགྲིབ་ཀྱི་ཚུལ་ལྟར་བརྡུང་བའི་དོན་ཏེ། རྒྱུད་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང༌། དེ་ནས་བཅུ་བདུན་ཇེ་ཆུང་དུ་བརྡུང་བའི་དོན་ཡིན། གཎྜི་བརྡུང་ཚུལ་སྐོར་རྒྱས་པ་གོང་དུ་གཎྜི་བརྡུང་ཚུལ་ཞེས་པར་གཟིགས། འདིའི་ཉ་ཞེས་པ་ཟླ་བ་ཉ་གང་བ་ལ་གོ་དགོས་ཏེ། ཉ་གང་བའི་ཟླ་བ་དེ་ཐོག་མར་ཆུང་རིམ་ནས་ཡར་འཕེལ། དེ་ནས་མར་འགྲིབ་པའི་ཚུལ་ལྟར་བརྡུང་ཞེས་པའི་དོན་ནོ། །འགའ་ཞིག་གིས། ཉ་ལྟར་བརྡུང་བའི་འགྲེལ་བཤད་ལ། སྲོག་ཆགས་ཉའི་ལུས་པོའི་དབྱིབས་ལྟར་བརྡུང་ཞེས་པའི་དོན་རེད་ཟེར་བ་ནི། ཁོ་བོ་ཡང་ཁོག་འཛུམ་ཅུང་ཟད་འཆོར་རོ། །