2504

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་རྩ་བདུན
Tibetan Definition སངས་རྒྱས་འཕགས་པའི་རྒྱུད་ཀྱི་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ལ་དྲན་པ་ཉེར་གཞག་བཞི། །རྩོལ་བ་ལས་བྱུང་བའི་ལམ་ལ་ཡང་དག་སྤོང་བ་བཞི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི། མངོན་པར་རྟོགས་པར་སྦྱོར་བའི་ལམ་ལ་དབང་པོ་ལྔ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་སྟོབས་ལྔ། མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། ངེས་པར་འབྱིན་པའི་ལམ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པའི་ཕྱིར། དྲན་པ་ཉེར་གཞག་བཞི་ཡོད་དེ། ལུས་དྲན་པ་ཉེར་གཞག །ཚོར་བ་དྲན་པ་ཉེར་གཞག །སེམས་དྲན་པ་ཉེར་གཞག །ཆོས་དྲན་པ་ཉེར་གཞག་རྣམས་སུ་ཡོད་པའི་ཕྱིར། ཡང་དག་སྤོང་བ་བཞི་ཡོད་དེ། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པའི་ཡང་དག་སྤོང་པ། སྐྱེས་པ་སྤོང་བའི་ཡང་དག་སྤོང་བ། དགེ་བ་མ་སྐྱེས་པ་སྐྱེད་པའི་ཡང་དག་སྤོང་བ། སྐྱེས་པ་སྤེལ་བའི་ཡང་དག་སྤོང་བ་རྣམས་སུ་ཡོད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོད་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་རྐང་པ། སེམས་པའི་རྫུན་འཕྲུལ་ཀྱི་རྐང་པ། དཔྱོད་པའི་གྱི་རྫུ་འཕྲུལ་གྱི་རྐང་པ་དང་བཞི་ཡོད་པའི་ཕྱིར། དབང་པོ་ལྔ་ཡོད་དེ། དད་པའི་དབང་པོ། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོ་རྣམས་སུ་ཡོད་པའི་ཕྱིར། སྟོབས་ལྔ་ཡོད་དེ། དད་པའི་སྟོབས། བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་རྣམས་སུ་ཡོད་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོད་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡང་ལག དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་ཡོད་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་དེ། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་གྱི་འཕགས་པའི་ལམ་ཡན་ལག་རྣམས་སུ་ཡོད་པའི་ཕྱིར།