2540

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉལ་བའི་ཀུན་སྤྱོད
Tibetan Definition མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཆ་བར་པའི་ཚེ། གློ་གཡས་པ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེང་གེ་ལྟར་ཉལ་བའོ། །སེང་གེ་ལྟར་ཉལ་བའི་དགོས་པ་ནི། ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང༌། གཉིད་ལོག་ནའང་དྲན་པ་མི་བརྗེད་པ་དང༌། གཉིད་སྟུག་པོར་མི་འགྱུར་བ་དང༌། རྨི་ལམ་སྡིག་པའམ་ངན་པ་མི་རྨི་བར། རྗེའི་ལམ་རིམ་དུ་གསུངས།