2552

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་ཚེ་བའི་སྟོང་པ
Tibetan Definition དགག་བྱ་ཉི་ཚེ་བ་བཀག་པའི་སྟོང་པ། དཔེར་ན་བྱད་བཞིན་གྱི་གཟུགས་བརྙན་བཞིན་དུ་བདེན་པར་སྣང་ཡང་དེར་གྲུབ་པའི་སྟོང་པ་ལྟ་བུ་དང༌། སྒྱུ་མའི་རྟ་གླང་བདེན་པར་སྣང་ཡང་དེས་སྟོང་པ་ལྟ་བུ་ལ་ཟེར་ཏེ། རྗེའི་ལྷག་མཐོང་ཆེན་མོ་ལས། སྒྱུ་མ་མཁན་གྱིས་རྟ་གླང་བརྫུན་པར་ཤེས་པ་ཡང་ཉི་ཚེ་བའི་སྟོང་པའོ། །ཞེས་གསུངས་པ་ལྟར་རོ། །རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་ལྟ་བུ་ཡང་དེའི་མཚན་གཞིར་འཐད་དོ། །རྗེའི་ལྷག་མཐོང་ཆེ་ཆུང་དང༌། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ལ་གཞི་བྱས་ཏེ་བཀོད།