2553

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་ཟེར་རྡུལ
Tibetan Definition (མཛོད) གླང་རྡུལ་བདུན་གྱི་ཚད། མངོན་པ་མཛོད་ལྟར་ན། འདི་ལ་རྡུལ་ཕྲ་རབ་ (༨༢༣༥༤༣) ཡོད་ལ། འདུལ་བ་ལུང་རྣམ་འབྱེད་ལྟར་ན་དྲུག་བསྒྱུར་དུ་རྩི་བས། འདི་ལ་རྡུལ་ཕྲ་རབ་ (༢༧༩༩༣༦) ཡོད་དོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽ ༡༢༡ན༤ལས། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ལ་རྡུལ་ཕྲ་རབ་གཅིག་གོ །ཞེས་གསུངས་པ་ནི་ནོར་བར་ཤེས་པར་བྱའོ། སྒྲ་བཤད་ནི། ཉི་ཟེར་ལས་མཐོང་ཐུབ་པའི་རྡུལ་ཡིན་པས་དེ་སྐད་ཅེས་བརྗོད་དོ། །