From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཉི་འོག
|
Tibetan Definition
|
རྒྱ་གར་གྱི་ཡུལ་དབུས་མ་ག་དྷ་ནི་ཉི་འོག་ཅེས་པའི་མིང་འཇུག་གཞིའི་གཙོ་བོ་ཡིན། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། པཱ་ལ་བདུན་གྱི་རིང་ལ། མ་ག་དྷ། བྷཾ་ག་ལ། ཨོ་ཌི་བི་ཤ་སོགས་ཉི་འོག་གི་རྒྱལ་ཁམས་དང༌། ཞེས་འབྱུང༌བ་ལྟར་རོ། །དོགས་གཅོད། ཉི་འོག་ཡུལ་དབུས་ཀྱི་མིང་ཡིན་ན། འོ་ན་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༡༦ན༣ལས། ཉི་འོག་གི་གོས་ཞེས་བྱ་བ་ནི་མཐའ་འཁོབ་ནས་བྱུང་བ་ཟབ་དར་ལ་སོགས་པའོ། །ཞེས་མཐའ་འཁོབ་ནས་བྱུང་བའི་གོས་ལ་ཉི་འོག་གི་གོས་ཞེས་བརྗོད་པའི་རྒྱུ་མཚན་གང་ཡིན་ནམ།
|