2613

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉེ་བར་ཞི་བ
Tibetan Definition 3 ཤེས་རབ་ཀྱི་བསླབ་པ། མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཞེས་པའི་ཉེར་བར་ཞི་བ་ནི། ཉོན་མོངས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་སྤོང་མཁན་ནི་ཤེས་རབ་ཡིན་པས། འདིས་ཤེས་རབ་སྟོན་པ་ཡིན་ནོ། །རྗེའི་ལམ་རིམ་ཆེན་མོ་ལས། ཉེ་བར་ཞི་བ་ནི་སེམས་ལས་སུ་རུང་བའི་ཞི་གནས་ལ་བརྟེན་ནས་ཡང་དག་པའི་དོན་ལ་སོ་སོར་དཔྱད་པས་ཤེས་རབ་ཀྱི་བསླབ་པ་སྐྱེས་པའོ། །ཞེས་གསུངས་པ་ལྟར་རོ། །