From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཉེས་བྱས
|
Tibetan Definition
|
<དུḌẇྀཏཾ> (འདུལ་བ) ལྟུང་བ་སྡེ་ལྔའི་ནང་ཚན་གང་ཞིག སོར་བཤགས་ལས་ཡང་བའི་རིགས་སུ་གནས་པའི་ལྟུང་བ་དེ། སྡེ་ལྔའི་ནང་ཚན་དུ་གྱུར་པའི་ཉེས་བྱས་ཀྱི་མཚན་ཉིད་ཡིན། ཡང་ན། (མཚོ་ཊཱིཀ) ཕམ་ལྷག་དང་སྦོམ་པོ་ལྟུང་བྱེད་སོ་སོར་བཤགས་པར་བྱ་བ་གང་གིའང་དངོས་གཞི་རྫོགས་པ་ཉིད་མ་ཡིན་པ་དེ། ཉེས་བྱས་ཀྱི་མཚན་ཉིད་དུ་མཚོ་ཊཱིཀ་གསུང་ངོ་། །གོས་བགོ་བའི་ཚུལ་བཅུ་ལ་སོགས་པའི་ཉེས་བྱས་བརྒྱ་དང་བཅུ་གཉིས་སོ། །སྒྲ་བཤད་ནི། བྱ་བ་ལེགས་པར་མ་བྱས་པས་ན་ཉེས་བྱས་ཏེ། སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །ཞེས་མཚོ་ཊཱིཀ་གསུང་བ་ལྟར་རོ། །ཉེས་བྱས་ཀྱི་སྐད་དོད། དུḌẇྀཏཾ་ཟེར། འདི་བྱེ་བྲག་རྟོགས་བྱེད་ཆེན་པོ་༡༢༧ན༤ན་གསལ།
|