2667

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉོན་མོངས་སྤྱིའི་མཚན་ཉིད
Tibetan Definition གང་ཞིག་རང་རྒྱུད་ལ་སྐྱེས་པ་ན་རང་རྒྱུད་རབ་ཏུ་མ་ཞི་བའམ་གདུང་བར་བྱེད་པའི་བྱེད་ལས་ཅན་གྱི་སེམས་བྱུང་ཞིག་ལ། ཉོན་མོངས་ཟེར། འདི་ཆགས་སོགས་ཀྱི་ཉོན་མོངས་བྱེ་བྲག་སོ་སོར་མ་སྦྱར་བར་ཉོན་མོངས་སྤྱི་ཙམ་པའི་མཚན་ཉིད་ཡིན་ནོ། །རྗེའི་ལམ་རིན་ཆེན་མོ་ལས། ཉོན་མོངས་སྤྱིའི་མཚན་ཉིད་ནི། ཀུན་ལས་བཏུས་ལས། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། གང་སྐྱེས་པ་ན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །