From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཐེ་ཚོམ
|
Tibetan Definition
|
(ཕར་ཕྱིན) མཐའ་གཉིས་སུ་དོགས་པའི་སེམས་བྱུང༌། ཚིག་སྐྱོན་བཅད་དེ་འཇོག་ན། རང་ཡུལ་ལ་རང་སྟོབས་ཀྱིས་མཐའ་གཉིས་སུ་རིག་པ་དེ། ཐེ་ཚོམ་གྱི་མཚན་ཉིད། ཐེ་ཚོམ་དང་མཚུངས་ལྡན་གྱི་གཙོ་སེམས་དང༌། དེའི་འཁོར་ཚོར་སོགས་ཀུན་འགྲོ་ལྔ་པོ་རྣམས་ནི། ཐེ་ཚོམ་གྱི་སྟོབས་ཀྱིས་དོགས་ཀྱི་རང་སྟོབས་ཀྱི་མཐའ་གཉིས་སུ་དོགས་པ་མ་ཡིན་པས་རང་སྟོབས་ཀྱིས་ཞེས་སྨོས་སོ། །ཡིད་གཉིས། ཚོམ་པ། ནེམ་ནུར། འཕྱང་མོ་ཉུག སོམ་ཉི། སོམ་ཉིའི་དྲ་བ་རྣམས་མིང་གི་རྣམ་གྲངས་སུ་བཤད། ཐེ་ཚོམ་ལ་ཞེ་སར་ཐུགས་ཚོམ་ཟེར།
|