2993

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:50, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐོག་ཐ་བར་གསུམ་དུ་དགེ་བ
Tibetan Definition དམ་པའི་ཆོས་ལྟ་བུ་ལ་ཟེར། དམ་པའི་ཆོས་ནི་ཐོག་ཐ་བར་གསུམ་དུ་བཟང་བ་ཡིན་ཏེ། དཀོན་མཆོག་རྗེས་དྲན་གྱི་མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་འབྱུང་བ་ལྟར། དེའི་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་བསླབ་པ་གསུམ་དང་སྦྱར་ནས་བཤད་པ་དང༌། ཡང་ན་སྡེ་སྣོད་རིན་པོ་ཆེ་གསུམ་ནི་ཐོག་མར་ཐོས་པ་ན་ཐར་པའི་བག་ཆགས་བཞག་པ་དང༌། བར་དུ་བསམ་པས་དོན་རྟོགས་པ་དང༌། ཐ་མར་བསྒོམ་པས་ཉོན་མོངས་མངོན་གྱུར་བ་ཞི་བ་དང་ཆོས་ཉིད་རབ་ཏུ་རྟོགས་པས་འཁོར་བ་ལས་རྣམ་པར་གྲོལ་བར་བྱེད་དོ། །ཡང་ན་སངས་རྒྱས་ཀྱི་ལུང་གི་ཆོས་ནི། གླེང་གཞི་ཐོག་མར་དགེ་བ། མདོ་དངོས་བར་དུ་དགེ་བ། མཐུན་འགྱུར་ཡི་རང་ཐ་མར་དགེ་བ་ཞེས་པའི་གསུང་ཚུལ་ཡང་དངུལ་ཆུའི་གསུང་ནང་སྣང་ངོ༌། །འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་དང༌། གྲུབ་མཐའ་ཆེན་མོའི་མཆན་འགྲེལ། དངུལ་ཆུའི་གསུང་བཅས་ལ་གཞི་བྱས།