From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| ཐོན་མིའི་ཡིག་ཕུད
|
| Tibetan Definition
|
(བརྡ་སྤྲོད) འཇམ་དབྱངས་རྣམ་སྤྲུལ་ཐོན་མི་སཾ་བྷོ་ཊས་བོད་ཡིག་ཐོག་མར་གསར་བཟོ་མཛད་པའི་རྟེན་འབྲེལ་དགའ་སྟོན་དང་འབྲེལ། ཆོས་རྒྱལ་སྲོང་བཙན་སྒམ་པོར་དབྱངས་ཡིག་བྱ་དཀའ་བའི་སྙན་ངག་གིས་ལམ་ནས་མཚན་བསྟོད་ཡིག་ཕུད་ཕུལ་བ་ནི་འདི་ལྟར། ཞལ་རས་གསལ་ལ་རང་མདངས་གང་བ་བཟང༌། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང༌། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས། །སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ཕུལ་བར་རབ་ཏུ་དགྱེས་པའི་བྱ་དགའ་བསྩལ། ཐོན་མིའི་ཡིག་ཕུད་འདི་འབུར་སྟོང་ཇེན་ཁོག་སྣང་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་སྐད། ཆོས་འབྱུང་མཁས་པའི་དགའ་སྟོན་གླེགས་བམ་སྟོད་ཆ་༡༨༡ལས་གསུངས་པ་ལྟར་བཀོད།
|