3117

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:51, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགག་དབྱེ་སྐབས་རྩྭ་དུར་བའི་མཚོན་དོན
Tibetan Definition (འདུལ་བ) རྩྭ་དུར་བ་ལ་རྩེ་མོ་ཕན་ཚུན་དུད་དེ་ཡོད་པས། དགེ་འདུན་རྣམས་ཕན་ཚུན་སེམས་དང་ཞིང་འདུད་པ་དེ་མཚོན་པར་ལུང་གཞིའི་འགྲེལ་པ་ལས་གསུངས། བོད་ཀྱི་འདུལ་འཛིན་ཁ་ཅིག དེའི་རྒྱུ་མཚན་ཡོད་དེ། རྩ་དུར་བའི་འདབ་མ་དེ་རྩུབ་རྩུབ་འདྲ་ཡང་རེག་ན་འཇམ་པ་བཞིན་དུ། དགེ་འདུན་རྣམས་ཀྱང་ལྟུང་བ་གླེང་དྲན་བྱས་པས། རྩུབ་རྩུབ་འདྲ་ཡང་། ལྟུང་བ་གླེང་དྲན་བྱས་པས་ལྟུང་བ་དག་ནས་ཕན་ཚུན་སེམས་མཐུན་པར་གྱུར་པ་དེ་མཚོན་པར་གསུངས་སོ། །