3147

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:51, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགའ་ལྡན་ཁྲི་པ་རིམ་བྱོན
Tibetan Definition དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་གསེར་ཁྲིར་ཕེབས་པ་རྣམས་ཀྱི་མཚན་གཞུང་ནི། ༡ ཁྲི་ཐོག་དང་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། ༢ ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། ༣ ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་། ༤ ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པའི་རྒྱལ་མཚན། ༥ ཁྲི་ཐོག་ལྔ་པ་གཡག་སྡེ་བ་བློ་གྲོས་ཆོས་སྐྱོང་། ༦ ཁྲི་ཐོག་དྲུག་པ་མཁས་གྲུབ་རྗེའི་སྐུ་མཆེད་བ་སོ་ཆོས་ཀྱི་རྒྱལ་མཚན། ༧ ཁྲི་ཐོག་བདུན་པ་དྭགས་པོ་གྲྭ་ཚང་ཕྱག་འདེབས་པ་པོ་མཁས་མཆོག་བློ་གྲོས་བརྟན་པ། ༨ ཁྲི་ཐོག་བརྒྱད་པ་རྣམ་འགྲེལ་སྨོན་ཊཱིཀ་མཛད་པ་པོ་རྗེ་སྨོན་ལམ་དཔལ་བ། འདི་ཡན་གྱི་གདུང་གཙང་པ་གདུང་བདུན་དུ་གྲགས། ༩ ཁྲི་ཐོག་དགུ་པ་རྗེ་ཙོང་ཁ་པའི་སྐུ་ཚ་བློ་བཟང་ཉི་མ། དེས་གསང་ཕུ་གླིང་སྨད་ཆོས་རྗེ་ཡང་མཛད། ༡༠ ཁྲི་ཐོག་བཅུ་པ་འདན་པ་བློ་གསལ་གླིང་པ་ཤར་རྩེ་ཡེ་ཤེས་བཟང་པོ། ༡༡ ཁྲི་ཐོག་བཅུ་གཅིག་པ་གཙང་འདར་སྟོན་ཤར་རྩེ་བློབ་ཟང་གྲགས་པ། ༡༢ ཁྲི་ཐོག་བཅུ་གཉིས་པ་ཨེ་པ་བྱང་རྩེ་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས། ༡༣ ཁྲི་ཐོག་བཅུ་གསུམ་པ་སྟོད་ལུང་པ་ཤར་རྩེ་ཆོས་ཀྱི་བཤེས་གཉེན། ༡༤ ཁྲི་ཐོག་བཅུ་བཞི་པ་སྟོད་ལུང་མདར་ས་བྱང་རྩེ་རིན་ཆེན་འོད་ཟེར། ༡༥ ཁྲི་ཐོག་བཅོ་ལྔ་པ་རྩེད་ཐང་བ་ཤར་རྩེ་པཎ་ཆེན་བསོད་ནམས་གྲགས་པ། ༡༦ ཁྲི་ཐོག་བཅུ་དྲུག་པ་དབུས་སྟོད་རྒྱ་ར་གུར་པ་བྱང་རྩེ་ཆོས་སྐྱོང་རྒྱ་མཚོ། འདིས་རྒྱུད་སྨད་ཁྲི་ཆེན་བརྒྱད་པ་མཛད། ༡༧ ཁྲི་ཐོག་བདུན་པ་མི་ཉག་སེར་སྨད་པ་ཤར་པ་རྡོ་རྗེ་བཟང་པོ། ༡༨ ཁྲི་ཐོག་བཅོ་བརྒྱད་པ་སྟག་རྩེ་བ་བྱང་རྩེ་རྒྱལ་མཚན་བཟང་པོ། ༡༩ ཁྲི་ཐོག་བཅུ་དགུ་པ་སྟོད་ལུང་མདའ་པ་ཤར་རྩེ་ངག་དབང་ཆོས་གྲགས། ༢༠ ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བྱང་རྩེ་ཆོས་གྲགས་བཟང་པོ། ༢༡ ཁྲི་ཐོག་ཉེར་གཅིག་པ་འོལ་ཁ་ཤར་རྩེ་དགེ་ལེགས་དཔལ་བཟང་། འདི་ལ་ཁྲི་ཆེན་བདེ་བ་ཅན་པ་ཡང་ཟེར། ༢༢ ཁྲི་ཐོག་ཉེར་གཉིས་པ་ཀླུང་ཤོད་བྱང་རྩེ་དགེ་འདུན་བསྟན་པ་དར་རྒྱས། ༢༣ ཁྲི་ཐོག་ཉེར་གསུམ་པ་རྩེད་ཐང་ཤར་རྩེ་ཚེ་བརྟན་རྒྱ་མཚོ། ༢༤ ཁྲི་ཐོག་ཉེར་བཞི་པ་དབུས་སྟོད་ཞོག་པ་བྱང་རྩེ་བྱམས་པ་རྒྱ་མཚོ། འདི་མངོན་དགར་ཟུར་བཞུགས་མཛད་པ་ཁྲི་ཆེན་མངོན་དགའ་བ་ཡང་ཟེར། ༢༥ ཁྲི་ཐོག་ཉེར་ལྔ་པ་སྟོད་ལུང་པ་ར་བ་སྟོད་པ་ཁྲི་ཆེན་ཤར་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། འདི་ཁུ་སྟོན་སྐྱེ་བ་ཡིན་པར་གྲགས། ༢༦ ཁྲི་ཐོག་ཉེར་དྲུག་པ་གཙང་པ་བྱང་རྩེ་དམ་ཆོས་དཔལ་འབར། ༢༧ ཁྲི་ཐོག་ཉེར་བདུན་པ་མལ་གྲོ་བ་དགའ་ལྡན་ཉག་རོང་ཤར་རྩེ་སངས་རྒྱས་རིན་ཆེན། ༢༨ ཁྲི་ཐོག་ཉེར་བརྒྱད་པ་ལྷ་ས་བ་སེ་ར་བྱེས་བྱང་རྩེ་དགེ་འདུན་རྒྱལ་མཚན། ༣༠ ཁྲི་ཐོག་སུམ་ཅུ་པ་སྟོད་ལུང་བ་སྟོད་པ་ཤར་རྩེ་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། ༣༡ ཁྲི་ཐོག་སོ་གཅིག་པ་ཁམས་འཇང་ཞབས་པ་བློ་གསལ་གླིང་པ་ཤར་རྩེ་ཆོས་རྗེ་དམ་ཆོས་དཔལ་བ། ༣༢ ཁྲི་ཐོག་སོ་གཉིས་པ་གཙང་འབྲོང་རྩེ་པ་སེ་ར་བྱེས་བྱང་རྩེ་ཚུལ་ཁྲིམས་ཆོས་འཕེལ། ༣༣ ཁྲི་ཐོག་སོ་གསུམ་པ་དབུས་སྟོད་གེར་ཤར་པ་གྲགས་པ་རྒྱ་མཚོ། ༣༤ ཁྲི་ཐོག་སོ་བཞི་པ་འཕན་ཡུལ་བ་གསེར་ཁང་སྐུ་སྐྱེ་བྱང་རྩེ་ངག་དབང་ཆོས་ཀྱི་རྒྱལ་མཚན། འདི་ཡིས་རེ་ཞིག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བྱང་རྩེ་ཕུལ། ༣༥ ཁྲི་ཐོག་སུམ་ཅུ་རྩ་ལྔ་པ་གྲྭ་ནང་དྭགས་པོ་དང་ར་བ་སྟོད་པ་ཤར་རྩེ་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། འདི་ཡིས་རྒྱལ་བ་ལྔ་པའི་ཡོངས་འཛིན་ཡང་མཛད། ཅེས་ཀློང་རྡོལ་བླ་མ་གསུང་ཡང་ཡོངས་འཛིན་མཛད་དུས་འདི་དགའ་ལྡན་ཁྲི་ཟུར་ཡིན་པར་ངེས། དེ་ལྟར་མིན་ན་ཁྲི་ཐོག་སོ་དྲུག་པའི་སྐབས། སྡེ་པ་གཙང་པས་དགའ་ལྡན་ཁྲི་པའི་ལོ་དུས་ལོ་བདུན་རེ་བྱེད་དགོས་པར་མཛད། ཅེས་བཤད་པ་དེ་དང་འགལ་འདུ་འབྱུང་ངོ་། །༣༦ ཁྲི་ཐོག་སོ་དྲུག་པ་གོང་པོ་དྭགས་པོ་གྲྭ་ཚང་བྱང་རྩེ་བསྟན་འཛིན་ལེགས་བཤད། འདི་སྐབས་སུ་བྱང་རྩེ་ཤར་རྩེ་གླེང་གཞི་བྱུང་བར་བརྟེན་སྡེ་པ་གཙང་པས་ལོ་བདུན་རེ་རེས་མོས་དགོས་པར་མཛད། ཅེས་ཀློང་རྡོལ་བླ་མ་གསུང་། ༣༧ ཁྲི་ཐོག་སོ་བདུན་པ་འཇང་ཐང་པ་སེར་སྨད་ཤར་རྩེ་དགེ་འདུན་རིན་ཆེན། ༣༨ ཁྲི་ཐོག་སོ་བརྒྱད་པ་དྭགས་པ་གྲྭ་ཚང་རྒྱུད་སྨད་བྱང་རྩེ་བསྟན་པ་རྒྱལ་མཚན། ༣༩ ཁྲི་ཐོག་སོ་དགུ་པ་སྟོད་ལུང་ཆོས་བཟང་བ་འབྲས་སྤུངས་སྒོ་མང་རྒྱུད་སྟོད་ཤར་རྩེ་དཀོན་མཆོག་ཆོས་བཟང་། ༤༠ ཁྲི་ཐོག་བཞི་བཅུ་པ་མངའ་རིས་སྦ་ཏི་མངའ་རིས་གྲྭ་ཚང་བ་བྱང་རྩེ་དཔལ་ལྡན་བསྟན་པ་རྒྱལ་མཚན། ༤༡ ཁྲི་ཐོག་ཞེ་གཅིག་པ་རྩེད་ཐང་བ་ར་བ་སྟོད་པ་རྒྱུད་སྟོད་ཤར་རྩེ་བློ་བཟང་རྒྱལ་མཚན། ༤༢ ཁྲི་ཐོག་ཞེ་གཉིས་པ་འཕན་ཡུལ་ཞོགས་པ་སེར་བྱེས་རྒྱུད་སྨད་བྱང་རྩེ་བློ་བཟང་དོན་ཡོད། འདི་ལ་འགའ་ཞིག་གིས་ཁྲི་རྣམ་དག་རྡོ་རྗེ་ཡང་ཟེར། ༤༣ ཁྲི་ཐོག་ཞེ་གསུམ་པ་རྒྱལ་བ་དྭགས་པོ་གྲྭ་ཚང་བ་ཤར་རྩེ་བྱམས་པ་བཀྲ་ཤིས། འདི་ལ་ཁྲི་ཆེན་གླིང་ཡག་པ་ཡང་ཟེར། ༤༤ ཁྲི་ཐོག་ཞེ་བཞི་པ་ཨ་མདོ་སྐུ་འབུམ་འབྲས་སྒོ་མང་བ་བྱང་རྩེ་ཁྲི་ཆེན་རྒྱ་མཚོ་ནག་པ་བློ་གྲོས་རྒྱ་མཚོ། འདི་དུས་ཕྱིས་སུ་དགེ་ལུགས་པའི་བླ་ཆེན་ཤར་ཕྱོགས་རྒྱ་ནག་ཏུ་ཕེབས་དགོས་པའི་ཐོག་མ་ཡིན། ༤༥ ཁྲི་ཐོག་ཞེ་ལྔ་པ་ཨ་མདོ་ཅོ་ནེ་སེར་སྨད་རྒྱུད་སྟོད་ཤར་རྩེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། འདི་ཁྲི་རྒྱ་ནག་པའི་གོང་འོག་གཉིས་ལ་ཐེངས་གཉིས་སོང་། ༤༦ ཁྲི་ཐོག་ཞེ་དྲུག་པ་མདོ་སྨད་པ་འབྲས་སྤུངས་སྒོ་མང་བསམ་ལྷོ་སྦྱིན་པ་རྒྱ་མཚོ། འདི་ལ་ངག་དབང་དཔལ་བཟང་ཡང་ཟེར། བཤེས་གཉེན་བྱམས་པ་ཆོས་ལྡན་གྱི་བླ་མ་དེ་ཡིན། ༤༧ ཁྲི་ཐོག་ཞེ་བདུན་པ་སྤོ་འབོར་ཡང་སྟེང་བ་སེར་སྨད་རྒྱུད་སྟོད་ཤར་རྩེ་ཁྲི་ཆེན་བློ་བཟང་ཆོས་འཕེལ། འདི་ལ་ཁྲི་ཡང་སྟེང་བ་ཡང་ཟེར། ༤༨ ཁྲི་ཐོག་ཞེ་བརྒྱད་པ་འབྲས་སྤུངས་སྒོ་མང་ཀྲེ་ནག་ཚང་བ་བྱང་རྩེ་དོན་གྲུབ་རྒྱ་མཚོ། ༤༩ ཁྲི་ཐོག་ཞེ་དགུ་པ་སེར་སྨད་ཅོ་ནེ་ཤར་རྩེ་བློ་བཟང་དར་རྒྱས། ༥༠ ཁྲི་ཐོག་ལྔ་བཅུ་པ་འབྲས་སྤུངས་སྒོ་མང་པ་བྱང་རྩེ་དགེ་འདུན་ཕུན་ཚོགས་སམ་བྱ་བྲལ་ཕུན་ཚོགས། ༥༡ ཁྲི་ཐོག་ང་གཅིག་པ་སྒོ་མང་རྟ་འོན་པ་ཤར་རྩེ་དཔལ་ལྡན་གྲགས་པ། ༥༢ ཁྲི་ཐོག་ང་གཉིས་པ་དྭགས་པོ་གྲྭ་ཚང་བ་བྱང་རྩེ་ཚེ་འཕེལ། ༥༣ ཁྲི་ཐོག་ང་གསུམ་པ་སྒོ་མང་རྟ་འོན་པ་ཤར་རྩེ་རྒྱལ་མཚན་སེང་གེ། ༥༤ ཁྲི་ཐོག་ང་བཞི་པ་སེར་བྱེས་བྱ་ཁྱུང་པ་བྱང་རྩེ་ངག་དབང་མཆོག་ལྡན། འདིས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད། ༥༥ ཁྲི་ཐོག་ང་ལྔ་པ་སྒོ་མང་གཞུང་པ་ཤར་རྩེ་ནམ་མཁའ་བཟང་པོ། ༥༦ ཁྲི་ཐོག་ང་དྲུག་པ་འབྲས་སྤུངས་བློ་གླིང་སྤོ་འབོར་བ་བྱང་རྩེ་བློ་བཟང་དྲི་མེད། ༥༧ ཁྲི་ཐོག་ང་བདུན་པ་འབྲས་སྤུངས་བློ་གླིང་དབུས་སྟོད་ཕག་མོ་བ་ཤར་རྩེ་བསམ་གཏན་ཕུན་ཚོགས། ༥༨ ཁྲི་ཐོག་ང་བརྒྱད་པ་སེར་བྱེས་བྱ་ཁྱུང་བ་བྱང་རྩེ་ངག་དབང་ཆོས་གྲགས། ༥༩ ཁྲི་ཐོག་ང་དགུ་པ་སེར་སྨད་ཤར་རྩེ་ངག་དབང་ཆོས་གྲགས། ༦༠ ཁྲི་ཐོག་དྲུག་པ་བྱང་རྩེ་ཚ་བ་བློ་བཟང་བསྟན་པ། ༦༡ ཁྲི་ཐོག་རེ་གཅིག་པ་རྒྱ་ནག་ནས་བསྐོས་པ་སེར་སྨད་ཚ་རྡོར་ཤར་རྩེ་ངག་དབང་ཆོས་གྲགས། ༦༢ ཁྲི་ཐོག་རེ་གཉིས་པ་འབྲས་སྤུངས་བློ་གླིང་དར་རྩེ་མདོ་པ་བློ་བཟང་སྨོན་ལམ། འདི་ཡན་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ་པོད་པ་གཉིས་པ་ཤོག་གྲངས་༣༧༤ནས་གསུངས་པ་ལྟར་བཀོད་ལ། ༦༣ ཁྲི་ཐོག་རེ་གསུམ་པ་བློ་བཟང་མཁས་མཆོག ༦༤ ཁྲི་ཐོག་རེ་བཞི་པ་བློ་བཟང་བཀྲིས། ༦༥ དགེ་འདུན་ཚུལ་ཁྲིམས། ༦༦ ཁྲི་ཐོག་རེ་དྲུག་པ་གཟིམས་ཁང་ཆོས་རྗེ་ངག་དབང་སྙན་གྲགས། ༦༧ ཁྲི་ཐོག་རེ་བདུན་པ་འཇམ་དབྱངས་སྨོན་ལམ། ༦༨ ཁྲི་ཐོག་རེ་བརྒྱད་པ་བློ་བཟང་དགེ་ལེགས། ༦༩ ཁྲི་ཐོག་རེ་དགུ་པ་བྱང་ཆུབ་ཆོས་འཕེལ། འདི་ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཡིན། ༧༠ ཁྲི་ཐོག་བདུན་ཅུ་པ་སྟག་བྲག་སྐུ་ཕྲེང་དང་པོ་ངག་དབང་ཆོས་འཕེལ། ༧༡ ཁྲི་ཐོག་དོན་གཅིག་པ་ཡེ་ཤེས་ཐར་འདོད། ༧༢ ཁྲི་ཐོག་དོན་གཉིས་པ་ཚེ་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ༧༣ ཁྲི་ཐོག་དོན་གསུམ་པ་ངག་དབང་ཚུལ་ཁྲིམས་རྒྱ་མཚོ། ༧༤ ཁྲི་ཐོག་དོན་བཞི་པ་བློ་བཟང་ལྷུན་གྲུབ། ༧༥ ཁྲི་ཐོག་དོན་ལྔ་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། ༧༦ ཁྲི་ཐོག་དོན་དྲུག་པ་སྡེ་དྲུག་སྐུ་ཕྲེང་དང་པོ་བློ་བཟང་མཁྱེན་རབ་དབང་ཕྱུག ༧༧ ཁྲི་ཐོག་དོན་བདུན་པ་ཚུལ་ཁྲིམས་དར་རྒྱས། ༧༨ ཁྲི་ཐོག་དོན་བརྒྱད་པ་བློ་བཟང་འཇམ་དབྱངས་དམ་ཆོས། ༧༩ ཁྲི་ཐོག་དོན་དགུ་པ་ཕུ་ཁང་བློ་བཟང་སྦྱིན་པ། ༨༠ ཁྲི་ཐོག་བརྒྱད་ཅུ་པ་གྲགས་པ་དོན་གྲུབ། ༨༡ ཁྲི་ཐོག་གྱ་གཅིག་པ་ངག་དབང་ནོར་བུ། ༨༢ ཁྲི་ཐོག་གྱ་གཉིས་པ་ཁྲི་ཆེན་ཡེ་ཤེས་ཆོས་འཕེལ། ༨༣ ཁྲི་ཐོག་གྱ་གསུམ་པ་བྱང་ཆུབ་ནམ་མཁའ། ༨༤ ཁྲི་ཐོག་གྱ་བཞི་པ་བློ་བཟང་ཚུལ་ཁྲིམས། ༨༥ ཁྲི་ཐོག་གྱ་ལྔ་པ་ཁྲི་བྱང་སྐུ་འཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན། ༨༦ ཁྲི་ཐོག་གྱ་བརྒྱད་པ་རྨེ་རུ་བློ་བཟང་རྒྱལ་མཚན། ༨༧ ཁྲི་ཐོག་གྱ་བདུན་པ་ཚེ་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ༨༨ ཁྲི་ཐོག་གྱ་བརྒྱད་པ་ལྕང་རྒྱབ་པ་མཁྱེན་རབ་ཡོན་ཏན་རྒྱ་མཚོ། ༨༩ ཁྲི་ཐོག་གྱ་དགུ་པ་བློ་བཟང་ཐུབ་བསྟན་སྙན་གྲགས་རྒྱ་མཚོ། ༩༠ ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས། ༩༡ ཁྲི་ཐོག་གོ་གཅིག་པ་བློ་བཟང་རྒྱལ་མཚན། ༩༢ ཁྲི་ཐོག་གོ་གཉིས་པ་ཐུབ་བསྟན་ཉིན་བྱེད། ༩༣ ཁྲི་ཐོག་གོ་གསུམ་པ་ཡེ་ཤེས་དབང་ལྡན། ༩༤ ཁྲི་ཐོག་གོ་བཞི་པ་སེར་བྱེས་གཙང་པ་ལྷུན་གྲུབ་བརྩོན་འགྲུས། ༩༥ ཁྲི་ཐོག་གོ་ལྔ་པ་བཀྲིས་སྟོང་འདུས། ༩༦ ཁྲི་ཐོག་གོ་དྲུག་པ་རྗེ་དྲུང་ཐུབ་བསྟན་ཀུན་དགའ། ༩༧ ཁྲི་ཐོག་གོ་བདུན་པ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ། ༩༨ ཁྲི་ཐོག་གོ་བརྒྱད་པ་བྱང་རྩེ་ཕ་ར་འཇམ་དཔལ་གཞན་ཕན། ༩༩ ཁྲི་ཐོག་གོ་དགུ་པ་ཐར་ལམ་པ་ཡེ་ཤེས་དོན་གྲུབ། ཁྲི་ཐོག་འདིའི་སྐབས་ངེད་རང་ལྷ་རམས་དམ་བཅའ་བཞག ༡༠༠ ཁྲི་ཐོག་བརྒྱ་པ་བློ་གླིང་བློ་བཟང་ཉི་མ། ༡༠༡ ཁྲི་ཐོག་བརྒྱ་དང་དང་པོ་ཤར་པ་ལུང་རིགས་རྣམ་རྒྱལ། ༡༠༢ ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་བཅས་སོ། །ཁྲི་པ་འདི་འཁྲུངས་ཡུལ་ལ་དྭགས་ཡིན། བོད་ཀྱི་གཏམ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཟེར་བ་འདི་ཅིས་མི་བདེན། ཡོན་ཏན་དང་ཉམས་ལེན་ཡོད་ན། དབུལ་ཕྱུག་དང་། སྐྱེས་ཡུལ་དང་། གོ་ས་དང་། སྤྲུལ་སྐུ་ཡིན་མིན་སོགས་ཀྱི་ཁྱད་པར་མེད་པར་སྤྲང་པོ་བེར་རྒྱུག་ཐོགས་པ་ཞིག་གིས་ཀྱང་དགའ་ལྡན་ཁྲི་པ་བྱེད་ཆོག་པ་འདི་དམངས་གཙོའི་ལམ་ལུགས་དང་མཐུན་པའི་ ཆེས་ངོ་མཚར་བའི་རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གོ།