3330

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དད་པ
Tibetan Definition 2 (མངོན་པ་ལས) དགེ་བ་བཅུ་གཅིག་གི་དང་པོ་ནི། ལས་འབྲས་སོགས་ཇི་ལྟར་གནས་པ་དང་དེ་ལྟར་ཡོད་སྙམ་དུ་ཡིད་ཆེས་པ་དང་། དང་བ་དང་མངོན་འདོད་གང་རུང་གི་རྣམ་པ་ཅན་གང་ཞིག བྱེད་ལས་མ་དད་པའི་དངོས་ཀྱི་གཉེན་པོ་བྱེད་པའི་སེམས་བྱུང་ངོ་། །དད་པ་ལ་དབྱེ་ན་ཡོངས་གྲགས་སུ་གསུམ་སྟེ། མངོན་འདོད་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ། དང་བའི་དད་པ་དང་གསུམ་མོ། །འདི་གསུམ་ལ་དགའ་གུས་དདགསུམ་ཞེས་ཐ་སྙད་སྦྱར་ཡང་རུང་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ལས། དགའ་བ་ནི་མངོན་པར་འདོད་པའོ། །གུས་པ་ནི་མངོན་པར་ཡིད་ཆེས་པའོ། །དད་པ་ནི་གུས་པའི་བྱེ་བྲག་གོ། ཞེས་གསུངས་པ་ལྟར་རོ། །ཡང་། དད་པ་ལ་བཞིར་དབྱེ་བ་ཡང་ཡོད་དེ། དང་བའི་དད་པ། མངོན་འདོད་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ། ཕྱིར་མི་ལྡོག་པའི་དད་པ་དང་བཞིའོ། །