3339

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དན་རྟགས
Tibetan Definition 1 ར་སྤྲོད་ཐུབ་ངེས་ཀྱི་རྟགས་མཚན་གསལ་པོའི་དོན། དན་ཞེས་པ་ངེས་པའི་དོན་ཡིན་ལ། རྟགས་ནི་རྟགས་མཚན་ནོ། །དན་པ་ཞེས་པའི་ཐད་དུ་གཟིགས། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ཐོག་མེད་འཁོར་བར་ཡོངས་སུ་འདྲིས་བགྱིས་པའི། །རང་གཞན་ཚེ་རབས་དན་རྟགས་དང་བཅས་པར། །སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་པས་ན། །ཁྱོད་ནི་སྔོན་གྱི་མཐའ་ལ་མཁས་པ་ལགས།། ཞེས་གསུངས་པ་ལྟར་རོ། །ས་བཅུ་པའི་ལེའུ་༼ ཕལ་ཆེན་ཁ་པ ༽༢༠༠ན༢ལས། དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་་ནས་ཀྱང་ཤི་འཕོས་ནས་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ། །ཞེས་ས་ཚིགས་དང་བཅས། མཚན་མ་དང་བཅས། དན་རྟགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །ཞེས་གསུངས་སོ། །