From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དཔུང་པ
|
Tibetan Definition
|
(ཕར་ཕྱིན) 1 གྲུ་མོ་ནས་དཔུང་མགོའི་བར་གྱི་ཆ་ཤས་ཀྱི་མིང་། 2 ཕྲག་པ། དབྱིན་སྐད་དུ་shoulder ཟེར་བ་དེ་དང་ཕལ་ཆེར་འདྲ། དཔེར་ན་དཔུང་པ་བརྟན་པོ་ཟེར་བ་ལྟ་བུ། 3 དཔུང་མགོ་ནས་ལག་པའི་མཁྲིག་མའི་བར་གྱི་ཆ་ཤས་ཀྱི་མིང་། དབྱིན་སྐད་དུ་arm ཟེར་བ་དེ་དང་ཕལ་ཆེར་འདྲ། འདུལ་བ་རྣམ་འབྱེད་ལས། ལག་པ་ནས་བཟུང་ངམ། དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཞེས་
དང་། ཡང་དེ་ཉིད་ལས། ལག་པ་ནས་བཟུང་ངམ་ཞེས་བྱ་བ་ནི་མཁྲིག་མ་མན་ཆད་ཀྱི་ལག་པ་ནས་སོ། །དཔུང་པ་ནས་བཟུང་ངམ་ཞེས་བྱ་བ་ནི་མཁྲིག་མ་ཡན་ཆད་ནས་སོ། །ཞེས་གསུངས་སོ། །གཞན་ཡང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། དཔུང་པ་རིང་པ། དཔྲལ་བའི་དབྱེས་ཆེ་བ། ཞེས་གསུངས། སྒྲ་བཤད་ནི། དཔུང་པ་ནི་སྤུངས་པ་ཞེས་པའི་ཚིག་འདི་རང་ཡིན་ལ། དུ་མ་སྤུངས་པ་ལ་ཕུང་པོ་ཞེས་པའི་ཐ་སྙད་དེ་དང་ནོར་གྱིས་དོགས་ནས་དཔུང་ཞེས་དག་ཆ་མི་འདྲ་བར་བཟོས་པ་ཡིན་ཏེ། ལེགས་སྦྱར་གྱི་སྐནྡྷ་ཞེས་པ་ཕུང་པོ་དང་ཕྲག་པ་གཉིས་ཀ་ལ་འཇུག་པར་བུ་སྟོན་རིན་པོ་ཆེའི་དུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དངོས་གྲུབ་ཀྱི་འདོད་འཇོ་ན་གསལ་ལ། གཞན་ཡང་། ཕུང་པོ་ལྔའི་རབ་བྱེད་ལ། པཉྩ་སྐནྡྷ་པྲ་ཀ་ར་ཎཾ་ཞེས་བརྗོད་པ་ལྟ་བུའོ། །
|