3403

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔེ་ཉེར་འཇལ་གྱི་ཚད་མ
Tibetan Definition དཔལ་ལྡན་ཟླ་བའི་ཚིག་གསལ་ལས་ཚད་མ་ལ་བཞི་གསུངས་པའི་ཡ་གྱལ་ཞིག་སྟེ། འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། བ་མེན་ནི་བ་ལང་དང་འདྲའོ་སྙམ་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །དཔེར་ན་སྔར་བ་ལང་ཚད་མས་ངེས། ཕྱིས་བ་མེན་མཐོང་བ་ན་འདི་ནི་བ་ལང་དང་འདྲའོ་སྙམ་དུ་རྟོགས་པའི་ཚད་པ་ལྟ་བུའོ། །བ་མེན་མཐོང་བ་ལས་སྲོག་ཆགས་འདི་དང་འདྲ་བ་ནི་བ་ལང་ངོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །ཇི་སྐད་དུ། ཞི་བ་འཚོས། གང་ལ་བ་མེན་ཅི་འདྲ་ཞེས། །གྲོང་པ་དག་གིས་དྲིས་པ་ན། །བ་ལང་ཅི་འདྲ་དེ་འདྲ་ཞེས། །འབྲོག་པས་སྨྲས་པ་ལྟ་བུའོ། །ཞེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མངོན་སུམ་གྱི་ལེའུར་གསལ།