3407

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔེ་མཁྱུད
Tibetan Definition <མུཥྚིཿ> ཆོས་ལ་སེར་སྣ་བྱས་ནས་གཞན་ལ་མི་སྟོན་པར་སྦས་པ། སྒྲ་བཤད་ནི། དཔེ་ནི་དཔེ་ཆ་སྟེ་ཆོས་དང་མཁྱུད་པ་ནི་སྦས་པའི་དོན་ཡིན་པས། ཆོས་སྦས་པ་ཞེས་པའི་དོན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། སློབ་དཔོན་གྱི་དཔེ་འཁྱུད་ཅེས་བྱ་བ་ནི་སྙིང་པོའི་བློས་བཟུང་བའི་བསྟན་བཅོས་གྱ་ཚོམ་དུ་གཞན་ལ་མི་སྟོན་པ་སྟེ། ཁུ་ཚུར་ཤིན་ཏུ་བཅངས་པ་དང་འདྲ། ཞེས་གསུངས་པ་ལྟར་རོ། །བསྟན་དར་ལྷ་རམས་པས། དོན་སྟོན་ནས་དཔེ་མ་བསྟན་པར་སྦས་པས་ན་དེ་སྐད་ཅེས་བྱའོ། །ཞེས་གསུངས་ཀྱང་ལེགས་པར་མ་མཐོང་ངོ་། །ལེགས་སྦྱར་གྱི་མུཥྚིཞེས་པ། མཁྱུད་པ། སྦས་པ། དཔེ་མཁྱུད། སྦར་མོ། ཁུ་ཚུར་བཅས་ལ་འཇུག་པར་བཤད།