3540

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབུགས་འབྱུང་རྔུབ
Tibetan Definition དབུགས་ལ་ཕར་གཏོང་བ་དང་ཚུར་འཐེན་པ་ལ་སེམས་གཏད་དེ་མི་གཡེང་བར་བྱེད་པའི་ཉམས་ལེན་ལ། དབུགས་འབྱུང་རྔུབ་ཟེར། དབུགས་ནི་རླུང་ཡིན་ལ། འབྱུང་ནི་ཕར་གཏོང་བ་དང་། རྔུབ་ནི་ཚུར་འཐེན་པའོ། །རྗེའི་ལམ་རིམ་ཆེན་མོ་ལས། དབུགས་འབྱུང་རྔུབ༌ལ་དམིགས་པ་ནི། རླུང་ཕྱི་ནང་དུ་འགྲོ་བ་ལ་བགྲང་བ་དང་ལྟ་བའི་སྒོ་ནས་སེམས་གཞན་དུ་མི་གཡེང་བར་དམིགས་པའོ། །འདི་ནི་ཕན་ཡོན་ཤིན་ཏུ་ཆེ་སྟེ། དབུགས་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་ཞེས་བྱ་བ། བསྟན་འགྱུར་༼ ཉོ་པ ༽༢༧༧བ༥ལས། ཕན་ཡོན་ནི། དབུགས་བགྲང་བ་འདིས་རྣམ་པར་རྟོག་པ་མྱུར་དུ་ཞི་ནས་ཞི་གནས་ཚེགས་མེད་པར་འཐོབ་བོ། །དེ་ནས་ལྷག་མཐོང་ཡང་དཀའ་བ་མེད་པར་སྐྱེ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་མི་རྟོག་པའི་ཡེ་ཤེས་ཀྱང་མྱུར་དུ་སྐྱེ་བར་གསུངས་སོ། །ཡོན་ཏན་ཁྱད་པར་ཅན་མ་ཐོབ་ཀྱི་བར་དུ་ཡང་རྟག་ཏུ་ནད་ཉུང་བ་དང་། ཚེ་རིང་བར་ཡང་འགྱུར་ཏེ། དེ་སྐད་དུ། ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་བགྲང་བར་བྱས་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང་། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་གསུངས་སོ། །ཞེས་གསུངས།