From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| དབེན་པར་འདུག་པའི་ལྟུང་བྱེད
|
| Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་ཉེར་བརྒྱད་པ། དབེན་པར་འདུག་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འདུག་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་གི་བསླབ་པ་ལ་གནོད་པའོ། །
|