3615

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:53, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་ཆོས་ཡོངས་སུ་འཛིན་པ
Tibetan Definition དམ་ཆོས་ཡོངས་སུ་འཛིན་པའི་དོན་ནི། བདག་བདེ་བ་ལ་མི་ཆགས་པ་དང༌། གཞན་ལ་བདེ་བ་སྟོབས་པ་དང༌། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་སྟེ་བཞི་དང་ལྡན་པའི་གང་ཟག་ལ་ཟེར་ཏེ། ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་ལས། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང༌། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དམ་པའི་ཆོས་ཡོངས་སུ་འཛིན་ཏེ། བཞི་གང་ཞེ་ན། བདག་བདེ་བ་ལ་མི་ཆགས་པ་དང༌། གཞན་ལ་བདེ་བ་སྟོབས་པ་དང༌། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པ་དང༌། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་སྟེ། བཞི་པོ་དེ་དག་གོ་ཞེས་གསུངས་སོ། །ཞེས་གསུངས།