3635

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:53, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་ཚིག་དང་སྡོམ་པ
Tibetan Definition ཇི་ལྟར་བཅས་པ་ལྟར་མི་འདའ་བར་ཉམས་སུ་བླངས་པ་ལ་དམ་ཚིག་ཅེས་བྱ་ལ། བྱ་རྒྱུ་མི་བྱེད་པ་དང་མི་བྱ་རྒྱུ་བྱེད་པ་འགོག་ཅིང་སྡོམ་པ་ལ་སྡོམ་པ་ཟེར། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་དངོས་གྲུབ་ཀྱི་སྙེ་མ་༣ན༤ལས། དམ་ཚིག་དང་སྡོམ་པ་ཡིན་པར་རྒྱལ་བ་རྣམས་ཀྱིས་གསུངས་སོ། །འདི་གཉིས་ཀྱི་ཁྱད་པར་ནི་དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཤཱནྟི་པས། དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པའོ། །ཞེས་བྱ་རྒྱུ་མི་བྱེད་པ་དང་མི་བྱ་རྒྱུ་བྱེད་པ་འགོག་ཅིང་སྡོམ་པ་དང་ཇི་ལྟར་བཅས་པ་ལྟར་འདའ་བར་མི་བྱ་བར་ཉམས་སུ་བླངས་པ་ལ་བཤད་པ་ལྟར་དཀྱིལ་ཆོག་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་ཡང་བཤད་པས་དེ་ལྟར་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །དབང་དོན་དེ་ཉིད་ཡང་གསལ་༡༣༥ན༤ལས། རྩ་ལྟུང་བཅུ་བཞི་སོགས་སྒོ་གསུམ་གྱི་བྱ་བ་མ་ཡིན་པ་བྱེད་ལས་ལྡོག་ཅིང་སྡོམ་པར་བྱེད་པའི་སྤོང་བ་ནི་སྔགས་སྡོམ་གྱི་ངོ་བོ་ཡིན་ལ། རྡོ་རྗེ་འཆང་གིས་བཅས་པའི་མཚམས་ལས་མི་འདའ་བར་ཉམས་སུ་ལེན་པར་བྱེད་པའི་ལས་ནི་དམ་ཚིག་གི་ངོ་བོ་ཡིན་པས་དེ་གཉིས་ངོ་བོ་གཅིག་ལ་ལྡོག་ཆས་མི་འདྲ་བར་འཇོག་པ་ཙམ་མོ། །དེས་ན་སྔགས་སྡོམ་ཡིན་ན། སྡོམ་པ་དམ་ཚིག་གཉིས་ཀ་ཡིན་པས་ཁྱབ་ཅིང་། དམ་ཚིག་ཡིན་ན་སྡོམ་པ་ཡིན་པས་མ་ཁྱབ་སྟེ། བྱ་སྤྱོད་གཉིས་ལ་དམ་ཚིག་དུ་མ་ཡོད་ཀྱང་། དེ་རྣམས་སྡོམ་པ་མ་ཡིན་པའི་ཕྱིར་དང་། སྔགས་སྡོམ་ཉམས་པའི་གང་ཟག་གི་རྒྱུད་ལ་དམ་ཚིག་ཡོད་པར་ཁས་ལེན་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང༌། སྡོམ་པ་ཐམས་ཅད་ཀྱི་རྩ་བ་སོ་ཐར་དང༌། བྱང་སེམས་ཀྱི་སྡོམ་པའི་བསླབ་པ་བསྲུང་བ་གཉིས་ལ་སྒོ་གསུམ་ཉེས་སྤྱོད་ལས་སྡོམ་པའི་བྱེད་པ་གཙོ་ཆེ་བས་སྡོམ་པ་ཞེས་བརྗོད་ལ། རིག་འཛིན་གྱི་སྒོར་ཞུགས་ནས་དེའི་བཅས་པ་ནི་ཤིན་ཏུ་གཉན་པས་ས་མ་ཡ་ཞེས་པ་མི་འདའ་བར་བྱ་བས་ན་དམ་ཚིག་ཅེས་བརྗོད་དེ། དེས་ན་སྔགས་ཀྱི་སྡོམ་པ་དང་དམ་ཚིག་གནད་གཅིག་ཀྱང་གཙོ་བོར་དམ་ཚིག་ཅེས་གྲགས་པ་ཡིན་ནོ། །ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གསུང་ངོ༌། །